ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཧྥ་རན་སིའི་སྲིད་འཛིན་གྱིས་འགྲོ་བ་མིའི་ཐོབ་ཐང་མ་གླེང་བར་སྐྱོན་བརྗོད།


རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་ཡོངས་གྲགས་རེད་ཅེས་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་གཟའ་འཁོར་སྔོན་མར་ཧྥ་རན་སིའི་སྲིད་འཛིན་མེག་ཀོང་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་རིང་དེར་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་གཏམ་བཤད་གང་ཡང་མ་གནང་བར་ཁ་ཁུ་སིམ་པོའི་ཕྱི་འབྲེལ་སྲིད་ཇུས་ཤིག་ལག་ལེན་བསྟར་ཡོད་ཅིང་། ཁོང་གིས་ཧྥ་རན་སི་དང་རྒྱ་ནག་གཉིས་ཀྱིས་ཨ་སྒོར་ཐེར་འབུམ་བཅོ་ལྔའི་ཚོང་ལས་ཀྱི་གན་རྒྱ་ཞིག་འཇོག་ཐུབ་ཡོད་པར་དགའ་ཚོར་ཆེན་པོ་བྱུང་སྟེ། འགྲོ་བ་མིའི་ཐོབ་ཐང་ལ་སྣང་མེད་བཏང་བ་རེད་ཅེས་སྐྱོན་བརྗོད་ཞུས་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།


XS
SM
MD
LG