ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་འབྱོར་ལྡན་པ་ཞིག་འོས་བསྡུར་ཞུགས་འཆར།


ཨ་རིའི་འབྱོར་ལྡན་པ་གྲགས་ཅན་དང་འཛམ་གླིང་གི་ཨ་སྒོར་ཐེར་འབུམ་བདག་པོའི་འབྱོར་ལྡན་པའི་གྲས་ཏེ། ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཟུར་པ་མཱེ་ཁེལ་བྷུ་ལུམ་བྷག་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་སྡུར་གྲས་སུ་ཞུགས་འཆར་ཡོད་པའི་གནས་ཚུལ་ཐོན་འདུག འོན་ཀྱང་ད་ལྟ་དོ་བདག་གིས་གཞུང་འབྲེལ་གྱིས་ཡོངས་གྲགས་གསལ་བསྒྲགས་གང་ཡང་སྤེལ་མེད་ཅིང་། དེ་སྔོན་སྲིད་འཛིན་འོས་མིའི་ཁོངས་སུ་མཉམ་ཞུགས་བྱ་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་མྱོང་བའི་འབྱོར་ལྡན་པ་བྷུ་ལུམ་བྷག་དངོས་སུ་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་གྲས་སུ་འགྲན་ཞུགས་བྱེད་ཚེ། དེ་ནི་ཁོ་པ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་ཞུགས་པ་གཞན་རྣམས་ཀྱི་གནས་སྟངས་ལ་འདོད་པ་མ་ཁེངས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG