ཕྱི་ལོ་༢༠༢༠་ལོར་ཐེ་ཝན་ལ་སྲིད་འཛིན་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་བྱེད་ཀྱི་ཡོད་པས་ཉེ་དུས་ཤིག་ནས་རྒྱ་ནག་གིས་ཐེ་ཝན་ལ་གནོན་ཤུགས་གཅིག་མཇུག་གཉིས་མཐུད་དུ་སྤྲད་པར་ལྡོག་ཕྱོགས་ཀྱི་འབྲས་ཤིག་སྨིན་བཞིན་ཡོད་ཅིང་། དེ་ནི་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་སྟེ། ད་ལྟའི་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་ལ་ཐེ་ཝན་གྱི་མི་མང་འོས་ཤོག་འཕེན་གྱི་རྒྱབ་སྐྱོར་བ་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། ཉམས་ཞིབ་པ་མང་པོ་ཞིག་གིས་པེ་ཅིང་གི་དབང་འཛིན་པ་ཚོས་རང་གི་ཐབས་ཇུས་དེར་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན་གྱི་ཡོད་པ་ཤེས་རྟོགས་ཐུབ་ཀྱི་མེད་པ་འདྲ་ཞེས་གླེང་སློང་བྱས་པ་དང་། མི་ཁ་ཤས་ཀྱིས་རྒྱ་ནག་གུང་ཁྲན་དམར་ཤོག་ཚོགས་པས་སྔོན་གྱི་ཉམས་མྱོང་ལ་གཞིགས་ནས་བསླབ་བྱ་ལེན་གྱི་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཀྲུང་ཁྲང་ཕང་གིས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།