ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རྒྱ་གཉིས་སྒོ་ཁྲལ་འཕར་མ་ཕྱིར་འཐེན་གྱི་གྲོས་མཐུན་བྱུང་བ།


རྒྱ་ནག་དང་ཨ་མི་རི་ཀས་ལོ་གཅིག་ལྷག་ལ་ཚོང་དམག་བརྒྱབ་པའི་རྗེས་སུ་ཡུལ་གྲུ་གཉིས་ཀྱི་ཚོང་ཟོག་ལ་སྒོ་ཁྲལ་འཕར་མ་སྤར་རྒྱུ་རིམ་བཞིན་མེད་པར་གཏོང་རྒྱུའི་གྲོས་མཐུན་ཞིག་ཡོང་གི་རེད་ཅེས་རྒྱ་ནག་གི་དབུས་ཚོང་དོན་ལྷན་ཁང་གིས་གཟའ་ཕུར་བུའི་ཉིན་གསལ་བསྒྲགས་སྤེལ་འདུག ཡིན་ནའང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཟའ་འཁོར་རྗེས་མར་གྷེ་རིག་དང་བྷ་སི་ཡུལ་གྲུ་གཉིས་ལ་འཚམས་གཟིགས་སུ་བསྐྱོད་འཆར་ཡོད་ཀྱང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་ཆེས་མཐོའི་ཟུར་མཇལ་གྱིས་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་རྒྱུའི་གྲོས་མཐུན་རིམ་པ་དང་པོ་དེར་མཚན་རྟགས་འགོད་ཡུལ་གང་ཡིན་དང་དུས་ཚོད་ནམ་ཡིན་སོགས་ཀྱི་འཆར་གཞི་རྣམས་ཕྱིར་བསྒྲགས་བྱས་མེད་པའི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG