ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིས་ཅིན་ཕིང་གིས་གློ་བུར་དུ་ཁེ་རི་ལམ་ལ་མཇལ་འཕྲད།


རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་གློ་བུར་དུ་ཧོང་ཀོང་གི་གཞུང་འཛིན་སྤྱི་ཁྱབ་ཁེ་རི་ལམ་ལ་གཟའ་ཟླ་བའི་ཕྱི་དྲོར་ཧྲང་ཧེ་གྲོང་ཁྱེར་དུ་མཇལ་འཕྲད་གནང་ཡོད་ཅིང་། དེ་ནི་ཧོང་ཀོང་ལ་ངོ་རྒོལ་ལས་འགུལ་བྱུང་ནས་ཟླ་བ་ལྔ་ཙམ་གྱི་རྗེས་སུ་ཞིས་ཅིན་ཕིང་དང་ཁེ་རི་ལམ་གཉིས་མཇལ་འཕྲད་བྱུང་བ་ཐེངས་དང་པོ་ཡིན་པར་མ་ཟད། ཞིས་ཅིན་ཕིང་གིས་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གི་སྤྱི་ཁྱབ་ཀྱི་ལས་དོན་སྒྲུབ་ཕྱོགས་ལ་རྒྱབ་སྐྱོར་དང་ཡིད་ཆེས་ཡོད་ཅེས་གསུངས་པ་རྒྱ་ནག་གཞུང་གི་འབྲེལ་གསར་ཤོག་ཁག་ཏུ་གནས་ཚུལ་སྤེལ་རུང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཚོས་སྲིད་འཛིན་ཞིས་དང་ཁེ་རི་ལམ་གཉིས་མཇལ་འཕྲད་བྱུང་སྟེ་དབུས་གཞུང་གི་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་པ་གསལ་སྟོན་བྱས་པ་ནི་ཧོང་ཀོང་གི་ངོ་རྒོལ་ལ་མུ་མཐུད་དེ་མཁྲེགས་འཛིན་བྱ་རྒྱུའི་རྣམ་པ་ཞིག་རེད་ཅེས་གསུང་གི་ཡོད་པ་སོགས་ཀྱི་སྐོར། གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG