ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་མི་རི་ཀ་དང་ཐེ་ཝན་ལ་འབྲེལ་བ།


ཐེ་ཝན་གྱི་འགོག་རྒོལ་ནུས་ཤུགས་དང་རྒྱལ་སྲུང་ནུས་པ་ཡར་རྒྱས་གཏོང་བར་ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་མུ་མཐུད་དུ་བྱ་རྒྱུ་ཡིན་ཞེས་བསྐྱར་བརྗོད་གསལ་པོར་བྱས་པ་དང་ཆབས་ཅིག ཨ་རི་དང་ཐེ་ཝན་གྱི་འབྲེལ་བ་ཇེ་ཟབ་དང་ཤུགས་ཆེ་རུ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད་ཅེས་རེས་གཟའ་ཟླ་བའི་ཉིན་བྷན་ཀོག་གྲོང་ཁྱེར་དུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་སྣ་ཚོས་བསྒྲགས་ཡོད་པར་མ་ཟད། ཨ་མི་རི་ཀས་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་བར་དུ་འཛིན་པའི་འཐབ་ཇུས་ཀྱི་སྙན་ཐོར་ཡང་དེ་ལྟར་ཞིབ་ཕྲ་འཁོད་ཡོད་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG