ངོ་འཕྲད་བདེ་བའི་དྲ་འབྲེལ།

བུ་མོ་ཐན་བྷག་གིས་བྱ་དགའ་མ་བླངས་པ།


འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྔོན་འགོག་གི་ལས་འགུལ་བ་སུད་ཌན་གྱི་བུ་མོ་ན་གཞོན་མ་གྷེ་རི་ཊ་ཐན་བྷག་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བའི་ལེགས་སྐྱེས་མཚོན་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་པའི་བྱ་དགའ་ཐོབ་ཀྱང་བྱ་དགའ་དེ་མ་བླངས་པར་གནམ་གཤིས་འགྱུར་ལྡོག་སྔོན་འགོག་གི་ལས་དོན་ལ་བྱ་དགའ་མི་དགོས་ཞེས་བརྗོད་པ་དང་ཆབས་ཅིག ཁོ་མོས་ཚན་རིག་པ་ཚོས་འཛམ་གླིང་གི་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པའི་ཉེན་བརྡ་བཏང་བ་རྣམས་ཆབ་སྲིད་པ་དང་དབང་འཛིན་མི་སྣ་ཚོས་གཟབ་ནན་གྱིས་ཉན་འཇོག་བྱ་དགོས་ཞེས་འབོད་སྐུལ་ཞུས་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG