ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཚོགས་ཁང་གསར་པར་རབ་གནས་དབུ་འབྱེད་གནང་།


༄༅། །རེས་གཟའ་མིག་དམར་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཚོགས་ཁང་གསར་པར་རབ་གནས་དབུ་འབྱེད་མཛད་འདུག་པ་དང་། དེ་ཉིན་བོད་ཀྱི་ཟློས་གར་ཚོགས་པས་བཀྲིན་རྗེས་དྲན་གཟེངས་བསྟོད་འབུལ་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཟློས་གར་སྒྱུ་རྩལ་དེ་བོད་ཀྱི་རིག་གཞུང་གི་ཆ་ཤས་གཅིག་ཡིན་པ་དང་། ད་བར་ལོ་ངོ་དྲུག་ཅུའི་རིང་རིག་གནས་དེ་རྒྱུན་འཛིན་ཐོག་དཀའ་ལས་བརྒྱགས་མཁན་ཚོར་ཡི་རང་བསྔགས་བརྗོད་དང་དེ་ལྟ་ལས་འཁུར་ནང་བཞུགས་བཞིན་པ་ཚོར་མུ་མཐུད་ཧུར་ཐག་བྱེད་དགོས་པའི་བཀའ་སློབ་གནང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་རྒྱལ་སྤྱིའི་ནང་བོད་ཀྱི་ཆོས་དང་རིག་གཞུང་ཞེས་ཚང་མས་དོ་སྣང་བྱེད་ཐུབ་པ་བྱུང་ཡོད་པ་དེ་གཙོ་ཆེ་གཞིས་ལུས་བོད་མི་ཚོའི་སྙིང་སྟོབས་དང་བཙན་བྱོལ་ནང་བོད་མི་ཚོས་ད་བར་འབད་བརྩོན་ཧུར་བསྐྱེད་བྱས་པའི་གྲུབ་འབྲས་ཤིག་རེད་ཅེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་ཀྱི་སྒྱུ་རྩལ་ཚོགས་ཁང་རབ་གནས་དབུ་འབྱེད་མཛད་སྒོར་བོད་ཀྱི་ཟློས་གར་སྒྱུ་རྩལ་སྐོར་ལ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུར་ཕེབས་པའི་མི་སྣ་རྣམས་དང་བོད་ཀྱི་ཟློས་གར་དབུ་བརྙེས་ནས་ལོ་དྲུག་ཅུའི་དུས་དྲན་ཆེད་འཛམ་གླིང་ཕྱོགས་མཐའ་ནས་འབྱོར་བའི་ཟློས་གར་ཟུར་པ་བཅས་མཉམ་ཞུགས་གནང་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་དྷ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བ་དེ་གསན་རོགས་གནང་།

XS
SM
MD
LG