བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནད་འདྲེན་ཞུས་པ་ལྟར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སེ་མུལ་བྷ་རོ་བྷེཀ་གཙོས་པས་གནད་ཡོད་མི་སྣ་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ་ཕྱི་ཚེས་༢༨་ཀྱི་སྔ་དྲོར་༧གོང་ས་མཆོག་གིས་མཇལ་འཕྲད་གནང་ཡོད་ཅིང་། དེའི་རྗེས་སུ་བོད་ཀྱི་ཟློ་གར་ཚོགས་པ་ཚུགས་ནས་ལོ་༦༠་ཐམ་པ་འཁོར་བའི་དུས་དྲན་མཛད་སྒོ་དང་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ལ་ཕེབས་ཡོད་པའི་གནས་ཚུལ་ཁག་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།།