ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བོད་ཀྱི་ཟློས་གར་ཚོགས་པ་ཚུགས་ནས་ལོ་༦༠་འཁོར་བ།


བོད་པ་ཚོ་རྒྱ་བལ་འབྲུག་གསུམ་དང་འབྲས་ལྗོངས་བཅས་ལ་བཙན་བྱོལ་དུ་འབྱོར་རྗེས་ཤེས་ཡོན་གྱི་ཚོགས་སྡེ་དང་པོ་ནི་བོད་ཀྱི་ཤེས་རིག་ཟློས་གར་ཚོགས་པ་ཞེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ཕྱི་ལོ་༡༩༥༩་ལོའི་ཕྱི་ཟླ་༨་པའི་ཚེས་༡༡་ཉིན་རྒྱ་གར་བྱང་ཤར་བཀའ་བློན་སྤུག་ཏུ་གསར་འཛུགས་བྱུང་ཞིང་། ད་ལོ་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ནས་ལོ་༦༠་འཁོར་བའི་དུས་ཆེན་དང་བསྟུན། ཕྱི་ཟླ་༡༠་པའི་ཚེས་༢༨་ནས་བཟུང་སྟེ་ཉིན་བཞིའི་རིང་ལ་བོད་ཀྱི་ཟློས་གར་ཚོགས་པར་འདས་པའི་ལོ་༦༠་ཐམ་པའི་རིང་ལ་ཟློས་གར་ཚོགས་པའི་ནང་དུ་སློབ་གཉེར་དང་འགན་ཁུར། དེ་བཞིན་ཕྱག་ལས་གནང་མཁན་གྱི་མི་སྣ་ཁག་དང་བོད་ཀྱི་ཟློས་གར་སྒྱུ་རྩལ་ལ་ཕྱི་ནང་གི་མཁས་པ་ཉི་ཤུ་ལྷག་ལྷན་འཛོམས་ཀྱིས་བོད་ཀྱི་ཟློས་གར་སྒྱུ་སྩལ་ཞིབ་འཇུག་གི་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་སྐོང་ཚོགས་གནང་ཡོད་པ་སོགས་ཀྱི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG