ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨིལ་ཧམ་དཱོ་དྷིར་ཡུ་རོབ་ཀྱི་གཟེངས་རྟགས་ཐོབ།


སྤྱི་ལོ་༢༠༡༩་ལོའི་ཡུ་རོ་མཉམ་འབྲེལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བླ་ན་མེད་པ་སྟེས་ཧཱ་རོབ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་དེང་སྐབས་རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་བཙོན་ཁང་དུ་བཞུགས་ཡོད་པའིཞིན་ཅང་གི་ཡུ་གུར་བ་དགེ་རྒན་ཆེན་མོ་ཨིལ་ཧམ་དཱོ་དྷི་ལ་ཐོབ་འདུག

ས་ཧཱརོབ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ནི་ཨུ་རུ་སུའི་འགྲོ་བ་མིའི་རྩོད་ལེན་པ་དང་དངོས་ཁམས་རིག་པ་བ། ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་ས་ཧཱ་རོབ་ཀྱི་མཚན་ཐོག་ཏུ་གསར་གཏོད་བྱས་པའི་ཡུ་རོབ་མཉམ་འབྲེལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བླ་ན་མེད་པ་དེ་ཡིན་ཞིང་། ད་ལོའི་སྤྱི་ཟླ་༡༢་པའི་ནང་དུ་ཡུ་རོབ་གྲོས་ཚོགས་ཀྱི་ལྟེ་གནས་སམཧྥ་རན་སའི་གྲོང་ཁྱེར་ཆེན་པོ་སི་ཊི་ར་སི་བྷག་ཏུ་དངོས་སུ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་འཚོགས་ཀྱི་ཡོད་པ་རེད།

ཞིན་ཅང་གི་ཡུ་གུར་བ་དགེ་རྒན་ཆེན་མོ་ཨིལ་ཧམ་དཱོ་དྷི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་མཉམ་ཞུགས་བྱེད་ཐུབ་ཀྱི་མེད་ཀྱང་ཁོང་གི་བུ་མོ་ཨ་ཕའི་ཚབ་ལ་སི་ཊི་ར་སི་བྷག་གྲོང་ཁྱེར་དུ་བཅར་ནས་གཟེངས་རྟགས་བཞེས་འཆར་ཡོད་པའི་གནས་ཚུལ་ཐོན། དགེ་རྒན་ཆེན་མོ་ཨིལ་ཧམ་དཱོ་དྷི་ནི་༡༩༦༩་ལོར་ཞིན་ཅང་ཨ་ཐུའུ་ཧྲིན་ས་གནས་སུ་སྐྱེསཕྱིས་སུ་རྒྱ་ནག་གི་པེ་ཅིང་དུ་ཆགས་པའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་གཞོན་པ་དང་། དྲྭ་ལམ་གྱི་ཞིན་ཅིང་ཞེས་པའི་ཡུ་གུར་བའི་གནས་ཚུལ་འགོད་སའི་དྲྭ་ཚིགས་ཤིག་གསར་འཛུགས་བྱས་ཏེ་དྲྭ་ཚིགསདོ་དམ་པར་གྱུར

ཁོང་ནི་ཞིན་ཅང་ས་ཁུལ་གྱི་མི་དམངས་ལ་དཔལ་འབྱོར་གྱི་ཡོང་འབབ་ཁྱད་པར་ཡོད་པ་དང་མི་མང་ལས་ཤོར་པའི་གནད་དོན་ལ་ཞིབ་འཇུག་བྱེད་མཁན་ཞིག་ཀྱང་ཡིན་ཞིང་། སྤྱི་ལོ་༢༠༡༤་ལོར་ཞིན་ཅང་གི་ཝུ་རུ་མུ་ཆི་གྲོང་ཁྱེར་གྱི་མི་དམངས་ཞིབ་བཤེར་ཁང་གིས་དགེ་རྒན་ཆེན་མོ་ཨིལ་ཧམ་དཱོ་དྷི་ལ་རྒྱལ་ཁབ་ཁ་བྲལ་བའི་ཉེས་མིང་བཙུགས་ནས་ཁྲིམས་ལ་གཏུགསཉེས་འཛུགས་ཁྲིམས་གཏུགས་ཀྱི་ཡིག་ཆ་དེར་ཨིལ་ཧམ་དཱོ་དྷི་རྒྱལ་ཁབ་ཕྱི་ལོགས་སུ་ཡོད་པའི་ཤར་ཏི་ཀི་སི་ཐན་འཇིགས་སྐུལ་ཚོགས་པར་འབྲེལ་བ་འདུག ཁོ་པསདྲྭལམ་བརྒྱུད་ནས་ཞིན་ཅང་རང་བཙན་གྱི་སྐུལ་སློང་བྱེད་ཀྱིནའདུག་ཅེས་བཀོད། སྤྱི་ལོ་༢༠༡༤ལོའི་ཟླ་བ་༩་པའི་ཚེས་༢༣་ཉིན་ཨིལ་ཧམ་དཱོ་དྷི་ལ་ཁྲིམས་བཤེར་བྱས་ནས་རྒྱལ་ཁབ་ཁ་བྲོལ་གྱི་ནག་ཉེས་བཙུགས་ནས་ཚེ་བཙོན་གྱི་བཅད་ཁྲ་བསྒྲགས

དགེ་རྒན་ཆེན་མོ་ཨིལ་ཧམ་དཱོ་དྷིས་ཁྲིམས་ཆད་དེར་ངོས་ལེན་མ་བྱས་པར་ཁྲིམས་རྩོད་པས་བསྐྱར་དུ་གོང་རིམ་ཁྲིམས་ཁང་ལ་གཏུགབཤེར་བྱས་ཀྱང་ཕན་ཐོགས་མ་བྱུང་། ལོ་དེའི་སྤྱི་ཟླ་༡༡་པའི་ནང་དུ་སླར་ཡང་ཁྲིམས་ཁང་གི་སྔོན་མའི་ཚེ་བཙོན་གྱི་ཁྲིམས་ཆད་ལ་འགྱུར་བ་མེད་ཅེས་ཐག་བཅད ཨིལ་ཧམ་དཱོ་དྷི་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་རྒྱལ་སྤྱིའི་འགྲོི་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་མི་མང་སྒེར་་མང་པོ་ཞིག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་མ་ཟད། ལོ་དེར་ཨིལ་ཧམ་དཱོ་དྷི་ལ་ཨ་རིའི་བྷར་བྷ་ར་གྷོ་ཌི་སི་མཱི་ཐེའི་རང་དབང་རྩོམ་རིག་གི་བྱ་དགའ་ཐོབ སྤྱི་ལོ་༢༠༡༧་ལོར་་ལན་ཌི་རྒྱལ་ཁབ་ཏུ་ཨིལ་ཧམ་དཱོ་དྷི་ལ་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་ཞེས་པ་ཞིག་ཕུལ་ཡོད་ཅིང་། ༢༠༡༩་ལོརཨིལ་ཧམ་དཱོ་དྷིར་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་འདས་པོ་ཝྭ་སི་ལ་ཧ་ཝྭེལ་གྱི་མཚོན་ཐོག་ཏུ་གསར་གཏོད་བྱུང་བའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཀྱང་ཐོབ་ཡོད་པ་རེད།།

XS
SM
MD
LG