ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧོང་ཀོང་དུ་ལས་འགུལ་བ་དང་གསར་འགོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བྱུང་ནས་དུས་ཡུན་ཟླ་བ་བཞི་ཡས་མས་ཤིག་འགོར་བའི་སྐབས་འདིར་ཧོང་ཀོང་གཞུང་གིས་ཛ་དྲག་གི་ཁྲིམས་གཞི་བསྡམས་ནས་ངོ་རྒོལ་ལས་འགུལ་བས་ངོ་ཁེབས་གྱོན་མི་ཆོག་པའི་ཁྲིམས་ཤིག་ལག་གཏན་ལ་ཕབ། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་དེ་མེ་ཐོག་ལ་སྣུམ་བླུགས་པ་བཞིན་ཤུགས་ཆེ་རུ་སོང་། དེར་བརྟེན་ངོ་རྒོལ་ལས་འགུལ་བ་དང་ཧོང་ཀོང་གི་ཉེན་རྟོག་པ་ཚོ་གདོང་གཏུག་ལག་འཛིང་བྱུང་བའི་གནས་ཚུལ་ཀྱང་སྔར་ལས་ཇེ་མང་རུ་ཕྱིན་ཡོད་ཅིང་། ཉེན་རྟོག་པ་དང་ངོ་རྒོལ་བ་ཚོ་ལག་འཛིང་བྱུང་བའི་གནས་ཚུལ་ལ་རྐྱེན་བྱས་ནས་ད་ལྟའི་བར་དུ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་མང་པོ་ཉེན་རྟོག་པས་འཛིན་བཟུང་ཐེབས། ཉེ་ཆར་ངོ་རྒོལ་ལས་འགུལ་བ་ཞིག་ལ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཡང་བྱུང་འདུག

གཟའ་ལྷག་པའི་ཉིན་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་མང་པོ་ས་གནས་དེའི་ཆེས་མཐོའི་ཁྲིམས་ཁང་གི་སྒོ་ཁར་འཛོམས་ནས་འཛིན་བཟུང་བྱས་པའི་ལས་འགུལ་བ་དག་གློད་གྲོལ་གཏོང་དགོས། ད་ལྟ་ཉིད་དུ་གསར་བརྗེ་སློང་དགོས་ཞེས་པ་སོགས་ཀྱི་འབོད་སྒྲ་བསྒྲགས་ནས་ངོ་རྒོལ་ལས་འགུལ་སྤེལ། ཧོང་ཀོང་གི་ཉེན་རྟོག་པ་དང་ངོ་རྒོལ་བ་གདོང་གཏུག་བྱུང་ནས་མི་འཛིན་བཟུང་བྱས་ཡོད་པར་མ་ཟད། གསར་འགོད་པ་དང་ངོ་རྒོལ་ལས་འགུལ་བ་མང་པོར་རྨས་སྐྱོན་ཡང་ཕོག ཧ་ཅང་གི་ཚབས་ཆེན་ཞིག་ལ་སྤྱི་ཟླ་༩་པའི་ཚེས་༢༩་ཉིན་ཧིན་རྡུ་ནེ་ཤི་ཡའི་སྤྱི་དམངས་ཡིན་པའི་གསར་འགོད་པ་བུ་མོ་དབྱིན་ཏཱ་ཟེར་བ་ཞིག་གིས་ངོ་དེབ་བརྒྱུད་ནས་ཧོང་ཀོང་གི་གསར་འགྱུར་ཐད་གཏོང་བྱེད་བཞིན་པའི་སྐབས་སུ་ཉེན་རྟོག་པས་བརྒྱབ་པའི་མདེའུ་ཞིག་ཁོ་མོའི་མིག་གཡས་པར་ཕོག ད་ལྟ་མིག་ལོང་བར་གྱུར་ཏེ་ཁོ་མོའི་ཁྲིམས་རྩོད་པས་ཧོང་ཀོང་ཉེན་རྟོག་ཚན་སྡེ་ཚན་གྱི་འགན་འཛིན་ལུའུ་ཝེ་ཚུང་དང་མེ་མདའ་རྒྱག་མཁན་གྱི་ཉེན་རྟོག་པ་གཉིས་ཁྲིམས་ལ་གཏུགས།

གཞན་ཡང་ཨ་རིའི་རླུང་འཕྲིན་སོགས་ཀྱི་གསར་འགྱུར་ལས་ཁུངས་མང་པོ་ཞིག་གི་གསར་འགོད་པ་ཚོས་ངོ་རྒོལ་ལས་འགུལ་ཁྲོད་དུ་བཅར་འདྲི་ཞུས་སྐབས་ཉེན་རྟོག་པས་བརྒྱབ་པའི་འགྱིག་གི་མདེའུ་ཕོག་པ་དང་མཆི་སྦྱིན་དུག་རླངས་འཕངས་པ་དང་གཡེར་ཆུ་གཏོར་བ་སོགས་ཀྱིས་ཀྱང་གསར་འགོད་པ་དང་མི་མང་ངོ་རྒོལ་བའི་བདེ་འཇགས་ལ་གནོད་འཚེ་སྐྱོན་ཕོག་འདུག ཧོང་ཀོང་གི་ཉེན་རྟོག་པས་གསར་འགོད་པའི་བརྙན་མིག་ལ་དམིགས་ཏེ་གློག་འོད་ཤུགས་ཆེན་རྒྱག་པ་དང་གསར་འགོད་པར་ཕུད་རྒྱག་གཏོང་བ་སོགས་དགྲར་འཛིན་གྱི་འདུ་ཤེས་བཟུང་སྟེ་གསར་འགོད་པའི་ཁྲིམས་མཐུན་ཁེ་དབང་ལ་བརྩི་མེད་བཏང་བའི་གནས་ཚུལ་ཡང་བྱུང་ཞིང་། དེང་སྐབས་ཛ་དྲག་གི་གནས་ཚུལ་འདི་དག་རིམ་པར་འབྱུང་བཞིན་པའི་སྐབས་སུ་ཕྱི་ཚེས་༨་ཉིན་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་བསྐྱར་དུ་ངོ་རྒོལ་ལས་འགུལ་འགོག་པར་ཛ་དྲག་གི་ཁྲིམས་གཞི་གསར་པ་གཏན་ལ་ཕབ་སྟེ་ལག་ལེན་བསྟར་རྒྱུའི་འཆར་གཞི་མེད་ཀྱང་དུས་ཡུན་ཟླ་བ་བཞི་ཡས་མས་ཤིག་འགྲོ་བཞིན་པའི་ངོ་རྒོལ་ལས་འགུལ་མཇུག་བསྡུ་བར་རྒྱ་ནག་གཞུང་ལ་རོགས་རམ་བྱེད་དུ་འཇུག་དགོས་ཐུག་ཀྱང་སྲིད་ཅེས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཚོར་འཇིགས་སྐུལ་དང་ཉེན་བརྡ་བཏང་ཡོད་པ་རེད།

དབྱེ་ཞིབ་པ་ཁག་ཅིག་གིས་ཧོང་ཀོང་གི་ངོ་རྒོལ་འགུལ་བ་དང་ཉེན་རྟོག་པ་ཚོ་ངོ་རྒོལ་གྱི་རྒྱུད་རིམ་ཁྲོད་དུ་འཁྲུག་འཛིང་ཐུག་རྒྱུ་མུ་མཐུད་དུ་བྱུང་ནས་ཤུགས་ཆེ་རུ་ཕྱིན་ཚེ། མ་འོངས་པར་ཧོང་ཀོང་དུ་ཡོད་པའི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་དེ་ལ་ལན་ཁག་གཡར་ནས་ལས་འགུལ་འདིར་དྲག་གནོན་བྱ་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་ཅིང་། ཧོང་ཀོང་གི་ལས་འགུལ་བར་རྒྱབ་སྐྱོར་བྱེད་མཁན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དམངས་གཙོ་དོན་གཉེར་བ་ཁག་ཅིག་གིས་ཀྱང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདིའི་ཐབས་ལམ་ལ་འགྱུར་བ་གཏོང་དགོས་པའི་དུས་ལ་བབས་འདུག ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་དག་གིས་རྒྱུན་རིང་གི་འཆར་གཞི་ཞིག་འདོན་དགོས་རྒྱུ་གལ་གནད་ཆེ། དམིགས་རྒྱང་རིང་པོའི་འཆར་གཞི་ཞིག་བཏིང་ནས་མུ་མཐུད་ངོ་རྒོལ་ལས་འགུལ་རྒྱུན་འཁྱོངས་བྱ་ཐུབ་པ་ཡིན་ན་མཐའ་མར་རྒྱལ་ཁ་ཐོབ་ངེས་རེད་ཅེས་དཔྱད་བརྗོད་སྤེལ་འདུག

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG