ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྒྲགས་གཏམ


༄༅།། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚུགས་ནས་ལོ་༧༠་འཁོར་བའི་དུས་དྲན་གྱི་ཉིན་མོར་བཞུགས་སྒར་རྡ་རམ་ས་ལའི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཡོད་ཅིང་། བསྒྲགས་གཏམ་དེར་རྒྱ་ནག་གཞུང་གིས་རྒྱས་སྤྲོས་ཆེན་པོས་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་ཀྱང་དོན་དངོས་སུ་ཧོང་ཀོང་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་པར་མ་ཟད། བོད་པ་དང་ ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་གཞུང་གིས་བརྩི་མེད་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་ཡོད། དེར་བརྟེན་རྒྱ་ནག་ལ་ལྷིང་འཇགས་རྩ་བ་ནས་མེད་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་ཀྱི་ཉིན་མོ་ནི་མྱ་ངན་གྱི་ཉིན་མོ་ཞིག་རེད། བོད་ལ་མཚོན་ན་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཁེ་ཕན་ལས་གྱོང་གུད་ཆེ་བ་ཕོག་ཡོད་པ་སྟེ། དེ་སྔ་ཞིང་གཤེགས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་གསུངས་མྱོང་ཡོད་ཅེས་བཀོད་ཡོད་པའི་སྐོར། དཔལ་མོ་མཁས་གྲུབ་ཀྱིས་གནས་ཚུལ་ཞིག་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG