ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཨུ་ཏར་པྲ་དེ་ཤི་མངའ་སྡེའི་མ་ཐུ་རའམ། བཅོམ་བརླག་གྲོང་དུ་དུས་ཡུན་བདུན་ཕྲག་གཅིག་གི་རིང་ལ་མཛད་འཕྲིན་ཁག་ལེགས་པར་བསྐྱངས་ཏེ་ཕྱི་ཟླ་༩་ཚེས་༢༦་ཉིན་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་ཅིང་། སྐབས་དེར་༧གོང་ས་མཆོག་གི་ཞལ་མདངས་ཧ་ཅང་རྒྱས་པོ་དང་ཐོག་མའི་འཆར་གཞི་ལྟར་ན་སྔ་དྲོར་མཁའ་ལམ་བརྒྱུད་ནས་གྷ་གྷལ་གནམ་ཐང་དུ་ཕེབས་རྒྱུ་གཏན་ཁེལ་བྱུང་ཡང་གནམ་ངོ་འཐིབས་པའི་རྐྱེན་གྱིས་ཉེ་འཁོར་ པན་ཇབ་མངའ་སྡེའི་ཨམ་རི་ས་གནམ་ཐང་དུ་ཆིབས་སྒྱུར་བསྐྱངས། དེའི་རྗེས་སུ་ཕེབས་ལམ་དུ་བཞུགས་སྒར་དྷ་རམ་ས་ལར་ཆིབ་སྒྱུར་བསྐྱངས་ཡོད་པའི་སྐོར། བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG