ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨོ་བྷི་རི་ཡན་ཨ་རིའི་རྒྱལ་སྲུང་ཐབས་བྱུས་འདྲི་ཡུལ་ལ་བསྐོ་བཞག་གནང་འཆར་ཡོད་པ།


ཉེ་ཆར་ཨ་མི་རི་ཀའི་སྲིད་འཛིན་ཊོ་ནོལ་ཊམ་དང་རྒྱལ་སྲུང་ཐབས་བྱུས་འདྲི་ཡུལ་ཇོན་བྷོལ་ཊོན་གཉིས་ཀྱི་དབར་ཕན་ཚུན་བསམ་ཚུལ་མི་མཐུན་པའི་གནས་སྟངས་ཆགས་པའི་རྐྱེན་གྱིས་ཇོན་བྷོལ་ཊོན་གྱིས་རྒྱལ་སྲུང་ཐབས་བྱུས་འདྲི་ཡུལ་གྱི་ལས་སྣེ་ནས་དགོངས་ཞུ་གནང་བར་བརྟེན་སྲིད་འཛིན་ཊམ་གྱིས་ཁོང་གི་ཚབ་ལ་ཨོ་བྷི་རི་ཡན་བསྐོ་བཞག་གནང་འཆར་ཡོད་ལུགས་གསལ་བསྒྲགས་གནང་བའི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།


XS
SM
MD
LG