ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་བ།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༤༢ ཐོག་རྒྱལ་ཁབ་ཁག་ཅིག་གིས་བཀྲིས་དབང་ཕྱུག་གི་གནད་དོན་གཙོས་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཡོད་པ་གསལ་སྟོན་གནང་ཡོད་པའི་སྐོར་རིག་འཛིན་ལགས་ཀྱིས་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་གནང་མཁན་ལ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།

དེང་སྐབས་ཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུའི་སྐབས་བོད་དོན་ཞུ་གཏུག་པས་རྒྱ་ནག་གཞུང་གིས་རང་གི་ཆབ་སྲིད་ཀྱི་དམིགས་ཡུལ་ཆེད་བོད་ཀྱི་ཐུན་མིན་སྲོལ་རྒྱུན་བླ་སྤྲུལ་ངོས་འཛིན་ལམ་ལུགས་ལ་ཐེ་ཇུས་བྱེད་བཞིན་ཡོད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ངེས་པར་དུ་དོ་སྣང་གནང་དགོས་པའི་ནན་སྐུལ་ཞུས་གནང་ཡོད་པའི་སྐོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་བོད་དོན་ཞུ་གཏུག་པ་སྐལ་ལྡན་མཚོ་མོ་ལགས་སུ་བཅའ་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG