ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀ་ཤི་མེར་གྱི་སྤྱི་ཁྱབ་བློན་ཆེན་ཟུར་པ་འཛིན་བཟུང་།


རྒྱ་གར་གྱི་རྩ་ཁྲིམས་སུ་ཀ་ཤི་མིར་ལ་དམིགས་བསལ་གྱི་གནས་བབ་ཅིག་ཡོད་པ་དེ་ཕྱིར་བསྡུ་བྱས་པའི་རྗེས་སུ་ས་ཁུལ་འདིའི་ནང་དུ་ཆབ་སྲིད་པ་ཚོས་རྒྱ་གར་ཧིན་རྡུའི་མི་རིགས་རིང་ལུགས་པའི་གཞུང་འཛིན་ལ་ངོ་རྒོལ་དང་སྐྱོན་བརྗོད་རིམ་པ་བྱུང་བཞིན་པ་དང་། རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོ་བཟང་བཙོན་གྱི་རྣམ་པའི་ཐོག་རང་ཁྱིམ་དུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་རིམ་པས་ཐོན་ཡོད། ད་ལྟ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཡུལ་འདིའི་མི་དམངས་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཆབ་སྲིད་པ་རྒན་གྲས་ཤིག་དངོས་སུ་འཛིན་བཟུང་བྱས་ཡོད་པ་འདིས་ས་ཁུལ་འདིར་བསྐྱར་དུ་དྲག་པོའི་འཐབ་འཛིང་བྱུང་བར་བློ་འཚབ་བྱེད་མཁན་ཡོང་གི་ཡོད་པའི་་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཚེ་རིང་སྐྱིད་ལགསཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG