ཨ་མི་རི་ཀས་ཨེ་ཤ་ཡའི་མངའ་ཁོངས་ཀྱི་མཐུན་གྲོགས་རྒྱལ་ཁབ་ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་བར་དུ་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་འགོག་སྲུང་ཆེད་དམག་དོན་གསང་བའི་ཡིག་ཆ་མཉམ་སྤྱོད་བྱེད་པའི་གྲོས་མཐུན་ཞིག་འཇོག་ཏུ་བཅུག་མྱོང་ཡང་། ད་ལྟ་ལྷོ་ཀོ་རི་ཡས་གྲོས་མཐུན་དེ་རྩིས་མེད་གཏོང་རྒྱུ་གསལ་བསྒྲགས་སྤེལ་འདུག དབྱེ་ཞིབ་པ་ཚོས་བརྗོད་ན་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་སུ་ཨ་མི་རི་ཀས་བློ་འདོན་གནང་བའི་གྲོས་མཐུན་ཕྱིར་འཐེན་བྱས་པ་འདི་ནི་མངའ་ཁུལ་འདིར་ཨ་རིའི་ཤུགས་རྐྱེན་ཇེ་ཆུང་དུ་འགྲོ་བཞིན་པའི་རྟགས་མཚན་གསར་བ་ཞིག་ཡིན་པ་རེད། འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་རྒྱུ་རེད།།