ངོ་འཕྲད་བདེ་བའི་དྲ་འབྲེལ།

འགྲོ་བ་མིའི་ཐོབ་ཐང་གསལ་བཤད་ཀྱི་སྐོར་བསྐྱོད།


༄༅།། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གོ་སྒྲིག་འོག་ཏུ་གཟའ་འཁོར་གཉིས་ཀྱི་རིང་ལ་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་བྷེང་ལོར་དང་ཅེ་ནེ། མུམ་བྷེ་བཅས་ཀྱི་རྒྱ་གར་བའི་གཙུག་ལག་སློབ་གྲྭ་ཆེ་ཁག་བདུན་གྱི་ནང་དུ་བོད་དོན་སྤྱི་དང་། ལྷག་པར་དུ་རྒྱ་ནག་གི་བཙན་གནོན་འོག་ཏུ་ཡོད་པའི་བོད་པ་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐ་ཞན་ཡིན་པའི་གསལ་བཤད་དང་སྦྲགས། རྒྱ་གར་གྱི་སློབ་ཕྲུག་ཚོས་བོད་ཀྱི་ཡ་ང་བའི་གནས་སྟངས་ཁག་ལ་ཉམས་ཞིབ་བྱས་ཏེ་དངོས་ཡོད་གནས་ཚུལ་ཁག་གསར་ཤོག་དང་རྩོམ་ཡིག་གི་ལམ་ནས་གསལ་སྟོན་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་པའི་སྐོར། ཕྱི་དྲིལ་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་སུ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG