ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཁ་པར་གྱི་སོ་ལྟ་དང་བོད་པ་སྡེབ་འཛིན།


རྒྱ་ནག་གཞུང་གིས་བོད་ནང་དུ་ནག་འཇོམས་ངན་སེལ་ཞེས་པའི་ལས་འགུལ་ཞིག་སྤེལ་ནས་བོད་པ་ཚོ་སྡེབ་འཛིན་བྱེད་བཞིན་ཡོད་ཅིང་། ད་ལོའི་སྤྱི་ཟླ་༣་ནས་སྐྱེས་རྒུ་མདོ་དང་མགོ་ལོག་ས་ཁུལ་གྱི་བོད་པ་ཚོའི་ཁ་པར་ནང་དུ་བཀོལ་ཆས་གསར་བ་ཞིག་ཕབ་ལེན་བྱ་དགོས་པའི་བཀའ་བཏང་སྟེ་། དེ་ནི་དྲྭ་ལམ་གྱི་སོ་ལྟའི་བཀོལ་ཆས་ཤིག་ཡིན་པས་བོད་པ་ཚོས་ཁ་པར་བརྒྱུད་ནས་འབྲེལ་བ་བྱེད་ཕྱོགས་ཀྱི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ལ་ཐད་ཀར་སོ་ལྟ་དང་ལྟ་རྟོག་བྱས་ནས་བོད་པ་བརྒྱ་ཕྲག་མང་པོ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཞིག་ཐོན་འདུག དེང་སྐབས་བོད་པ་ཚོས་ཁ་པར་བརྒྱུད་ནས་སོ་སོའི་དགའ་ཉེ་སྤུན་གྲོགས་ཚོར་འབྲེལ་བ་འཛུགས་རྒྱུ་སོགས་ཀྱང་དོགས་སོན་བྱ་དགོས་པ་ཞིག་ཏུ་གྱུར་འདུག་ཅེས་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་མཁོ་སྤྲོད་པ་ཞིག་ལ་ཞིབ་ཕྲའི་གནས་ཚུལ་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG