ངོ་འཕྲད་བདེ་བའི་དྲ་འབྲེལ།

དབྱིན་ཇིའི་སྲིད་བློན་གསར་པར་གསུང་འཕྲིན།


དབྱིན་ཡུལ་གྱི་སྲིད་བློན་གསར་པ་བྷོ་རི་སི་ཇཱོན་སན་གྱིས་རྒྱལ་མོའི་དྲུང་དུ་ལས་ཁུར་དམ་བཅའ་བཞེས་ཏེ་སྲིད་བློན་གྱི་ལས་དུས་དངོས་སུ་འགོ་ཚུགས་ཡོད་ཅིང་། ཕྱི་ཟླ་༧་ཚེས་༢༥་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྲིད་བློན་གསར་པ་ཇཱོན་སན་ལ་རྟེན་འབྲེལ་ཞུས་པའི་གསུང་འཕྲིན་ཞིག་བསྩལ་ཏེ། བོད་དང་དབྱིན་ཡུལ་གཉིས་ལ་སྔ་མོ་ནས་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་དྲན་སྐུལ་དང་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་དེར་དགོངས་པ་རྒྱ་ཆེ་ཙམ་བཞེས་ཞེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG