དེང་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་ཅིང་། རེས་གཟའ་ཕུར་བུའི་ཉིན་ཨི་ཊི་ལིའི་གྲོང་ཁྱེར་ཝྭོ་རྫ་ནོ་ཞེས་པ་དེར་གསར་འགོད་པའི་བཅའ་འདྲི་ཞུས་པའི་སྐབས་སུ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ནི་རྒྱ་ནག་གི་དབང་ཤུགས་འཛམ་གླིང་ཡོངས་སུ་རྒྱ་སྐྱེད་གཏོང་རྒྱུའི་དོན་དུ་རེད་ཅེས་གསུངས་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་ལྷན་དུ་ཡོད་པའི་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིན་འཛིན་ལགས་སུ་སྲིད་སྐྱོང་གི་མཛད་རིམ་སྐོར་བཅར་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་རོགས་གནང་།