ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

མོན་གྷོ་གཞིས་ཆགས་ལ་རྐུན་ཇག་ཇེ་མང་།


༄༅།། རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེར་གཞིས་ཚུགས་པའི་བོད་པ་བཙན་བྱོལ་བའི་གཞིས་ཆགས་ཆེ་གྲས་མོན་གྷོ་འདོད་རྒུ་གླིང་ལ་དེང་སྐབས་རྐུན་ཇག་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། གཞིས་ཆགས་དེར་བྱུང་བའི་རྐུན་ཇག་གི་གནས་ཚུལ་གསར་ཤོས་ནི་བདུན་ཕྲག་འདིའི་་གཟའ་ཉིིི་མ་མཚན་མོར་མོན་གྷོ་འདོད་རྒུ་གླིང་མཉམ་འབྲེལ་ཚོང་ཁང་གི་ཉེ་འདབ་སུ་ཡོད་པའི་གཞིས་གྲོང་བརྒྱད་པའི་ཚོང་པ་དགུ་གྲགས་ལགས་ཀྱི་འགྲིམ་འགྲུལ་ལས་ཁང་གི་སྒོ་ལྕགས་གཏོར་ཏེ་གློག་ཀླད་གཉིས་དང་ཡིག་སྣོད་སོགས་རྐུ་འཁྱེར་བྱས་ཡོད་པ་མ་ཟདཅ་དངོས་མང་པོ་ཞིག་བསམ་ངན་གྱིས་བཅག་ཡོད་པའི་གནས་ཚུལ་ཐོནགསར་འགོད་པས་དོ་བདག་དགུ་གྲགས་ལགས་སུ་གདན་དདོན་འདི་རྒྱ་གར་གྱི་ཉེན་རྟོག་པར་ཞུ་གཏུགས་བྱས་ཡོད་མེད་སོགས་ལབཅར་འདྲི་ཞུས་ཡོད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ད་དུང་ཟླ་བ་འདི་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་༣་ར་ཕྱེ་ཡོད་པའི་རྒྱ་གར་གྱི་སིན་ཌི་ཁེ་ཊི་དངུལ་ཁང་དུརྒྱ་གར་བ་ན་གཞོན་ཞིག་གི་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སློབ་གཉེར་བ་ན་ཆུང་ཞིག་ལ་མགོ་བསྐོར་བཏང་སྟེ་སྐུ་འགྱེད་ཀྱི་བསགས་དངུལ་ཧིན་སྒོར་༤༥༠༠ ཐམ་པ་རྐུ་འཁྱེར་བྱས་པའི་གནས་ཚུལ་ཐོནགཞིས་འགོ་ལྷག་པ་ཚེ་རིང་ལགས་ཀྱི་རོགས་རམ་འོག་གནས་ཚུལ་དེ་ཉེན་རྟོག་ལས་ཁུངས་སུ་ཞུ་གཏུགས་དེབ་སྐྱེལ་བྱས་འབྲས་སུ་ཉེས་ཅན་པ་རྩད་གཅོད་བྱུང་སྟེ་ཕྱི་ཟླ་༧ཚེས་༣ིན་དངུལ་བབ་ཆ་ཚང་དོ་བདག་ལ་ཕྱིར་སྤྲོདབྱུངའདུག་པས་གཞིས་འགོ་ལྷག་པ་ཚེ་རིང་ལགས་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནད་དོན།

བདུན་ཕྲག་གཉིསཀྱི་གོང་གི་མཚན་མོ་ཞིག་ལ་མོན་གྷོ་འདོད་རྒུ་གླིང་མི་མང་མཉམ་འབྲེལ་ཚོང་ཁང་གི་སྒོ་ལྕག་གཏོར་ཏེ་ཧིན་སྒོར་སྟོང་ཕྲག་ཁ་ཤས་བརྐུ་འཁྱེར་བྱས་པའི་གནས་ཚུལ་བྱུང་ཡོད་པས་མོན་གྷོ་མཉམ་འབྲེལ་དྲུང་ཆེ་འགྱུར་མེད་ལགས་སུ་དེའི་སྐོར་བཅརདྲི་ཞུས་པར་རྐུན་མ་དེས་ཧིན་སྒོར་སྟོང་ཕྲག་ཁ་ཤས་རྐུ་འཁྱེར་བྱས་ཡོད་པ་ལས་ཅ་དངོས་རྐུ་འཁྱེར་བྱས་མི་འདུག་ཟེརད་ལྟའི་ཆར་ཉེན་རྟོག་པར་སྙན་སེང་ཞུས་ནས་ཞིབ་འཇུག་བྱེད་བཞིན་ཡོ་ཅེས་བརྗོད་བྱུང་། འོན་ཀྱང་དངུལ་སྒོ་ཅི་ཙམ་རྐུས་ཡོད་མེད་ཀྱི་ཁ་གྲངས་གསལ་པོ་ཞིག་མི་འདུག གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན་ཟླ་བ་གཉིས་གོང་དུའང་མོན་གྷོ་གཞིས་གྲོང་གསུམ་པའི་བཀྲ་ཤིས་ཚོང་ཁང་ཟེར་བ་ཞིག་ལ་རྐུན་མ་རྒྱག་རྩིས་བྱས་ཀྱང་སྒོ་ལྕགགཏོར་ཐུབ་མེད་པའི་གནས་ཚུལ་ཐོན་འདུག

་ལོའི་ཕྱི་ཟླ་༡པའི་ཚེས་༡༩ཉིན་གྱི་མཚན་མོའི་ཆུ་ཚོད་༡༡་ཡས་མས་སུ་དགའ་ལྡན་ཤར་རྩེ་གྲྭ་ཚང་གུང་རུ་ཁང་ཚན་གྱི་དགེ་བཤེས་བྱང་ཆུབ་རིན་ཆེན་ལགས་ཀྱི་གྲྭ་ཤག་་ཇག་པ་མི་བཞི་འཛུལ་ནས་ཁྱོན་བསྡོམས་དངུལ་སྨར་དང་རིན་ཐང་ཅན་གྱི་ཅ་དངོས་སོགས་ཁྱོན་བསྡོམས་ཧིན་སྒོར་འབུམ་༡༡དང་ཕྱེད་ཀ་ཙམ་ཞིག་ཇག་པས་བཅོམ་པའི་གནས་ཚུལ་ཐོན་པར་མ་ཟད། ཉེ་ཆར་ཕྱི་ཟླ་༦ནང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཚན་རིག་དང་སྒོམ་སྒྲུབ་ལྟེ་གནས་ཁང་དུ་ཕྱག་ལས་གནང་བཞིན་པའི་དགེ་འདུན་པ་རྒན་ཀརྨ་མཁས་གྲུབ་ལགས་ཀྱི་ཧིན་སྒོར་འབུམ་༡༩༧་དྲྭལམ་ནས་ཁ་བསླུས་ཤོར་འི་གནས་ཚུལ་དེར་ཉེན་རྟོག་པས་ཞིབ་འཇུག་བྱེད་བཞིན་ཡོད་འདུག ས་གནས་གཞིས་འགོ་ལྷག་པ་ཚེ་རིང་ལགས་ཀྱིས་མང་ཚོགས་ལ་མ་འོངས་པར་གནད་དོན་དེའི་རིགས་མུ་མཐུད་དུ་མི་འབྱུང་བའི་སྔོན་འགོག་ཆེད་དུ་ཚོགས་པ་སྒྲིག་འཛུགས་དང་མི་སྒེར་སོགས་སུ་ཞིག་ཡིན་རུང་རྐུ་ཇག་གི་གནས་ཚུལ་ཆེ་ཆུང་ལ་མ་ལྟོས་པར་ཉེན་རྟོག་པར་ཞུ་གཏུགབྱ་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་པའི་འབོད་སྐུལ་ཞུས་འདུག

XS
SM
MD
LG