ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༣/༠༣/༢༦

ཏུར་ཀིའི་སྲིད་འཛིན་དང་ཡུ་གུར་བའི་བདེ་སྡུག


༄༅།། གཟའ་འཁོར་འདིར་ཏུར་ཀིའི་སྲིད་འཛིན་ཨེར་དྷོ་གྷན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་སྲིད་འཛིན་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱསསྲིད་འཛིན་ཨེར་དྷོ་གྷན་ལ་མཚོན་ན་ཞིན་ཅང་གི་ཡུ་གུར་བའི་བདེ་སྡུག་གླེང་སློང་བྱ་རྒྱུ་ནི་ཕྱོགས་གཉིས་ཀར་ཚོར་སྐྱེན་རྣོ་བའི་རྩ་དོན་ཞིག་ཡིན་པ་ལྟར་རྒྱ་ནག་དང་ཏུར་ཀི་རྒྱལ་ཁབ་ཀྱི་འབྲེལ་བ་ཡར་རྒྱས་བཏང་ནས་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས་ལ་འགལ་རྐྱེན་འབྱུང་དུ་མི་འཇུག་རྒྱུ་ཡང་དེ་བས་ཀྱང་གལ་འགངས་ཆེན་པོ་ཞིག་ཏུ་གྱུར་འདུག ཕྱི་ཟླ་༧་ཚེས་༤་ཉིན་སྲིད་འཛིན་ཨེར་དྷོ་གྷན་གྱིས་རྒྱ་ནག་གཞུང་གིས་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་ཡོད་པའི་ཞིན་ཅང་གི་ཡུ་གུར་བའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་རྙེད་སྲིད་ཅེས་བཤདརྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་བརྫིས་དང་ཡུ་གུར་བ་ས་ཡ་གཅིག་ཡས་མས་ཤིག་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་ཡོད་པར་ཏུ་ཀིའི་གཞུང་གིས་སྐྱོན་བརྗོད་དྲག་པོ་བྱས་མྱོང་ཡོད་ཀྱང་བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་སྲིད་འཛིན་ཨེར་དྷོ་གྷན་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་སྐབས་སུ་ཞིན་ཅང་གི་ཡུ་གུར་བའི་གནད་དོན་གླེང་སློང་ནན་པོ་ཞིག་བྱས་ཐུབ་མེད་པའི་གནས་ཚུལ་ཐོན་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་གཟའ་ཕུར་བུའི་ཉིན་སྲིད་འཛིན་ཨེར་དྷོ་གྷན་པེ་ཅིང་ནས་རང་ཡུལ་ལ་ཕྱིར་ལོག་མ་བྱས་གོང་དུ་ཏུར་ཀའི་གསར་འགོད་པ་ཚོར་ཡུ་གུར་བའི་གནད་དོན་ནི་ང་ཚོ་ཕྱོགས་གཉིས་ཀར་ཚོར་སྐྱེན་རྣོ་བའི་རྩ་དོན་ཡིནང་ལ་གནད་དོན་འདི་ཐག་གཅོད་བྱེད་ཐུབ་པའི་ཐབས་ལམ་ཞིག་རྙེད་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་སྲིད་འཛིན་ཨེར་དྷོ་གྷན་གྱིས་ཞིན་ཅང་གི་གྲངས་ཉུང་མི་རིགས་ཁག་བདེ་ཞིང་སྐྱིད་པའི་ངང་དུ་འཚོ་གནས་བྱེད་བཞིན་འདུག་ཅེས་གཏམ་བཤད་བྱས་ལུགས་ཀྱི་གསར་འགྱུར་ཞིག་སྤེལའོན་ཀྱང་སྲིད་འཛིན་ཨེར་དྷོ་གྷན་གྱིས་ཏུར་ཀིའི་གསར་འགོད་པ་ཚོར་ཞིན་ཅང་གི་ཡུ་གུར་བ་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་རོལ་བཞིན་ཡོད་པའི་སྐད་ཆ་ཚིག་གཅིག་བཤད་མེད་ཅིང་། ཁོང་གིས་ཞིན་ཅང་གི་རྩ་དོན་ཁ་ལ་འཁྱེར་ནས་རྒྱ་ནག་ལ་འཁྲུག་རྩོད་བསླངས་ན་དགེ་མཚན་མེད། རྩ་དོན་འདི་བཀོལ་སྤྱོད་ལོག་པར་བཏང་ནས་རྒྱ་ནག་དང་ཏུར་ཀིའི་འབྲེལ་བར་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཀྱིན་ཡོད། ང་ཚོས་རྩ་དོན་འདི་བཀོལ་སྤྱོད་ལོག་པར་གཏོང་མཁན་ཚོར་གོ་སྐབས་མི་སྤྲོད་རྒྱུ་ཡང་གལ་འགངས་ཆེན་པོ་ཡིན། ཏུར་ཀིའི་གཞུང་གིས་ཤར་ཏུར་ཀི་སི་ཐན་ལ་རྟོག་ཞིབ་རུ་ཁག་ཅིག་གཏོང་སྲིད་ཅེས་རྒྱ་ནག་གཞུང་གིས་དེ་ལྟར་མོས་མཐུན་བྱས་ཡོད་པའི་བརྡ་ཞིག་བཏང་བ་དང་། སྲིད་འཛིན་ཨེར་དྷོ་གྷན་གྱིས་རྒྱ་ནག་གི་འབོད་སྲོལ་ལྟར་ཞིན་ཅང་མ་ཟེར་པར་ཤར་ཏུར་ཀི་སི་ཐན་ཞེས་ཞིན་ཅང་གི་ལས་འགུལ་བ་ཚོས་འབོད་པའི་མིང་དེ་བོས་འདུག

རྒྱ་ནག་ནི་ཏུར་ཀིའི་རྒྱལ་ཁབ་ཀྱི་ཚོང་གྲོགས་རྒྱལ་ཁབ་གཙོ་གྲས་ཤིག་ཡིན། ཏུར་ཀི་དང་ཨ་མི་རི་ཀའི་འབྲེལ་བ་བཟང་པོ་དེ་ཙམ་མེད་པའི་སྐབས་འདིར་ཏུར་ཀིའི་གཞུང་གིས་རྒྱ་ནག་དང་ཨུ་རུ་སུ་སོགས་ལ་དཔལ་འབྱོར་དང་ཚོང་ལས། དམག་དོན་བཅས་ཀྱི་འབྲེལ་བ་ཡར་རྒྱས་བཏང་ནས་སྔར་བཞིན་ཞིན་ཅང་གི་གནད་དོན་ཐོག་ཏུ་རྒྱ་ནག་ལ་མངོན་སུམ་འཛེམམེད་ཀྱིས་སྐྱོན་བརྗོད་བྱེད་ཐུབ་ཀྱི་མེད་པ་དང་རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་རྣམས་བཙོན་ཁང་མིན། དེ་ནི་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། ཁ་བྲལ་རིང་ལུགས་བཅས་དུག་རྒྱུན་ངན་པོ་གསུམ་གྱི་ན་ཤུགས་ཐེབས་པའི་མི་ཚོར་ལག་ཤེས་སློབ་སྦྱོང་དང་སྐད་ཡིག་སློབ་ཁྲིད། ཁོ་ཚོར་མི་ཚེའི་མདུན་ལམ་བཟང་པོ་ཞིག་བསྐྲུན་སའི་སློབ་གྲྭ་ཡིན་ཞེས་འགྲེལ་བཤད་རྒྱག་གི་ཡོད་པར་མ་ཟད། ཉེ་ཆར་རྒྱ་ནག་གཞུང་གིས་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་ལ་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བའི་ན་གཞོན་ཚོས་བྲོ་འཁྲབ་ཀྱི་ཡོད་པ་དང་རྒྱ་ཡིག་སློབ་སྦྱོང་བྱེད་ཀྱི་ཡོད་པ། ཡུ་གུར་བའི་ན་གཞོན་ཚོར་གློག་ཀླད་ཀྱི་ཤེས་བྱ་གསར་པ་སློབ་ཁྲིད་བྱེད་ཀྱི་ཡོད་པ་རྣམས་བསྟན

ཏུར་ཀིའི་སྲིད་འཛིན་ཨེར་དྷོ་གྷན་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་བྱུང་བའི་སྐབས་སུ་ཞིན་ཅང་གི་ཡུ་གུར་བའི་སྲོལ་རྒྱུན་གྱི་ཁང་པ་རྣམས་རྒྱ་ནག་གཞུང་གིས་གཏོར་བཤིག་གཏོང་གི་ཡོད་པ་དང་ཞིན་ཅང་རྒྱལ་ཡོངས་སུ་ཁ་ཆེའི་ལྷ་ཁང་མང་དག་ཅིག་ཡོད་པ་རྣམས་གཏོར་བཤིག་བཏང་ཟིན་པ། ཡུ་གུར་བའི་བུ་ཕྲུག་ཚོར་རྒྱ་ཡིག་རྒྱ་སྐད་དང་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་སློབ་ཁྲིད་བྱས་ནས་ཡུ་གུར་བའི་སྐད་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་བརླག་འགྲོ་ཉེན་ཡོད་པར་གླེང་སློང་བྱུང་ཡོད་མེད་ཀྱི་གསར་འགྱུར་གང་ཡང་སྤེལ་མེད་ཅིང་། ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཚུད་མྱོང་བའི་མི་ཚོས་གསར་འགོད་པ་ཚོར་བཀག་ཉར་ཁང་དེ་དག་གི་ནང་དུ་ཉིན་མཚན་དུས་དྲུག་ལ་པར་ཆས་བཙུགས་ནས་སོ་ལྟ་བྱས་ལུགས་དང་བཀག་ཉར་ཁང་དུ་ཚུད་པའི་ཡུ་གུར་བ་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་དང་ཞིས་ཅིན་ཕིང་ལ་བསྟོད་དབྱངས་ལེན་དགོས་པ། རྒྱ་ནག་གཞུང་གི་བཀའ་དྲིན་བསམ་ཤེས་བྱ་དགོས་པ་དང་ཉིན་ཧྲིལ་པོར་བཟོ་གྲྭའི་ནང་དུ་ངལ་རྩོལ་རྒྱུག་དགོས་པ། རྒྱ་གཞུང་གི་ཉེན་རྟོག་པ་ཚོས་བཀག་ཉར་ཁང་གི་ཡུ་གུར་བ་ཚོར་རྡུང་རྡེག་གཏོང་བ་དང་ན་ཚ་བྱུང་བའི་དུས་སུ་སྨན་བཅོས་ཚུལ་བཞིན་མི་བྱེད་པའི་དཀའ་ངལ་ཆེན་པོ་ཞིག་མྱོང་ཡོད་པ་རྣམས་ཐེར་འདོན་བྱས་ཡོད་པ་རེད།

ད་དུང་རྒྱ་ནག་གཞུང་གིས་ཡུ་གུར་བའི་སྐྱེས་པ་ཚོས་རྒྱ་དང་ཁ་སྤུ་འཇོག་མི་ཆོག་པ་དང་བུད་མེད་ཚོས་མགོ་རས་དཀྲིས་ནས་གདོང་ཁེབས་འགེབས་མི་ཆོག་པཁ་ཆེའི་ཆོས་ལུགས་ཀྱི་རྟགས་དང་ཆ་ལུགས་ཀྱི་རྣམ་པ་གང་ཡང་འཛིན་དུ་འཇུག་གི་མེད་པཞིན་ཅང་གི་ཡུ་གུར་བའི་ཁ་པར་དང་སྐད་འཕྲིན་སོགས་ལྐོག་ཉན་དང་ཞིབ་བཤེརསྐྱེས་པ་ཚོའི་ཁྲག་གི་དཔེ་མཚོན་བླངས་ནས་གྲུབ་རྫས་ཉར་འཛིན། ཁོ་ཚོའི་མཛུབ་རིས་དང་མིག་གི་ཁ་མདོག་རྣམས་པར་བརྒྱབ་ནས་ཉེན་རྟོག་ལས་ཁང་གིས་ཉར་འཛིན་བྱེད་པ། ཞིན་ཅང་གི་ས་གནས་ཡོངས་སུ་དམག་དང་དྲག་ཆས་ཉེན་རྟོག་པ་ཁྲི་ཚོ་མང་པོ་བཀྲམ་པ་ནས་གསང་ཉུལ་བ་འགྲེམ་འཇོག རྒྱ་གཞུང་གི་ལས་བྱེད་པ་རྣམས་ཡུ་གུར་བའི་ཁྱིམ་ཚང་ཁག་ལ་མངགས་ནས་ལྟ་རྟོག་བྱེད་དུ་འཇུག་གི་ཡོད་པམདོར་ན་ཞིན་ཅང་གི་སྲང་ལམ་ཁག་དང་མི་དམངས་འདུ་འཛོམས་བྱ་ཡུལ། ཚོང་ཁང་དང་རླངས་འཁོར་གྱི་སྣུམ་ལྡུག་ས་བཅས་ལ་པར་ཆས་བཙུགས་ནས་ཡུ་གུར་བ་ཚོར་འགུལ་སྐྱོད་རྒྱག་ས་མེད་པར་གྱུར་ཡོད་པ་རེད།།

XS
SM
MD
LG