ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཧོང་ཀོང་གི་ངོ་རྒོལ་དང་འཛམ་གླིང་གི་གླེང་སློང་།


༄༅།། ཧོང་ཀོང་ནི་འཛམ་གླིང་འདིའི་འདུ་འཛི་ཆེ་བའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཉེ་ཆར་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བའམ། དོགས་ཅན་པ་རྣམས་རྒྱ་ནག་ལ་ཕྱིར་སློག་བྱེད་ཆོག་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་གྲོས་གཞི་བཏོན་པས་ངོ་རྒོལ་ལས་འགུལ་འདི་མགོ་བརྩམས། གཟའ་ཟླ་བའི་ཉིན་གདོང་འབག་གྱོན་པའི་རྔམ་སྟོན་ཁྲོམ་སྐོར་བ་ཚོས་གློ་བུར་དུ་ཧོང་ཀོང་གི་གྲོས་ཚོགས་ལ་གཏོར་རྒོལ་བྱས་ཡོད་ཅིང་། ད་ལྟ་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་ཁུལ་དེ་རྒྱུན་ལྡན་མ་ཡིན་པ་ཞིག་ལ་གྱུར་མོད། འོན་ཀྱང་རྔམ་སྟོན་ཁྲོམ་སྐོར་བ་ཚོས་རྒྱ་ནག་སྐམ་ས་ཆེན་མོ་དབང་སྒྱུར་ཧམ་འཛུལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་དེར་ཁ་གཏད་ཀྱིས་མངའ་ཁུལ་དེའི་མི་མང་གི་ཐོབ་ཐང་རྩོད་ཀྱི་ཡོད་པའི་སྐོརགསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG