ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཌོ་ནལ་མ་དང་ཀིམ་གྱི་ཐུག་འཕྲད་དེར་བློ་དོགས།


ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་ཁོངས་སུ་སྲིད་འཛིན་འོས་མིར་ལངས་ནས་འགྲན་སྡུར་ལ་ཞུགས་མཁན་ཚོས་གཟའ་མཇུག་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱས་པར་བློ་དོགས་ཀྱི་སྒོ་ནས་དགའ་བསུ་ཞུས་འདུག དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་ཞུགས་པ་མང་པོ་ཞིག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་གྲོས་མོལ་ལ་ཡར་རྒྱས་ཀྱི་རྣམ་པ་དེ་ཙམ་མེད་ཀྱང་ཨ་མི་རི་ཀའི་སྲིད་འཛིན་གྱིས་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱེད་ཀྱི་ཡོད་པ་དེས་སྲིད་དབང་སྒེར་གཅོད་པ་དེའི་ཁྲིམས་མཐུན་གྱི་རང་བཞིན་སྲ་བརྟན་གཏོང་རྒྱུ་དེར་ཕན་ཐོགས་འབྱུང་གི་འདུག་ཅེས་བསྒྲགས་ཡོད་པའི་སྐོར། གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG