ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བལ་ཡུལ་གཞུང་གིས་ཕྱིར་ཕུད་བྱས་པའི་བོད་པ་ཨ་རི་བ།


Penpa Tsering
Penpa Tsering

༄༅།། རྒྱ་ནག་གི་རྒྱུད་སྐུལ་དང་གནོན་ཤུགས་འོག་ཏུ་ཉེ་ཆར་བལ་ཡུལ་གཞུང་གིས་ཨ་མི་རི་ཀའི་སྤྱི་དམངས་ཡིན་པའི་བོད་པ་སྤེན་པ་ཚེ་རིང་ཞེས་པ་ཞིག་བལ་ཡུལ་ས་ཐོག་ཏུ་འཛུལ་ཞུགས་བྱེད་དུ་མ་བཅུག་པར་གནམ་ཐང་ནས་ཨ་མི་རི་ཀར་ཕྱིར་སློག་བྱས་ཡོད་ཅིང་། ཕྱི་ཉིན་དེར་ཨ་མི་རི་ཀའི་གཞུང་ཚབ་ཁང་གིས་བལ་ཡུལ་གཞུང་ལ་བོད་པ་ཨ་རི་བ་ཞིག་ཕྱིར་ཕུད་གཏོང་དགོས་དོན་གང་ཡིན། ཨ་རི་བ་རྣམས་བལ་ཡུལ་དུ་ཡོང་བར་རྒྱ་ནག་གི་ཆོག་མཆན་འཐོབ་དགོས་པ་ཡིན་མིན་བཅས་ལ་གསལ་བཤད་དགོས་པའི་དགོས་འདུན་བཏོན་ཡོད་པར་མ་ཟད། སྤེན་པ་ཚེ་རིང་གིས་ཀྱང་རང་ལ་བལ་ཡུལ་གྱི་གནམ་ཐང་དུ་བལ་བོའི་གཞུང་འབྲེལ་སྣ་ཁག་དང་ཉེན་རྟོག་པ་སོགས་ཀྱིས་དྲག་རྩུབ་དང་འཇིགས་སྐུལ། ཁོ་པའི་འགྲེལ་བཤད་སོགས་ལ་གཏན་ནས་མ་མཉན་པར་ཕྱིར་སློག་བྱས་སྟངས་རྣམས་གསལ་བཤད་བྱས་ཡོད་པ་སོགས་ཀྱི་སྐོར། གསར་འགྱུར་ལས་ཁང་ཁག་གིས་སྤེལ་བའི་གནས་ཚུལ་དེ་དཔལ་མོ་མཁས་གྲུབ་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG