ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་བས་འཛམ་གླིང་ལ་རོགས་ཡོང་འབོད་སྐུལ།


ཧོང་ཀོང་ས་གནས་སྲིད་གཞུང་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་ཡིག་གཏན་འབེབ་བྱ་རྒྱུ་དེར་ཧོང་ཀོང་བས་ངོས་ལེན་མེད་པར་འདས་པའི་གཟའ་འཁོར་གསུམ་ཙམ་གྱི་རིང་ལ་ངོ་རྒོལ་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་བྱུང་བ་དེ་ལྟར། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་དོན་རྒྱུན་འཁྱོངས་ཡོང་གི་མེད་པར་ཧོང་ཀོང་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པ་དེ་འགོག་ཐབས་ལ་ཧོང་ཀོང་བས་འཛམ་གླིང་གི་རོགས་སྐྱོར་ཡོང་བར་འབོད་སྐུལ་ཞུ་མགོ་བཙུགས་ཡོད་པ་རེད། འདིའི་སྐོར་ལ་ཨ་རིའི་ནེའུ་ཡོག་དུས་བབ་ཏུ་དབྱེ་ཞིབ་རྩོམ་ཡིག་ཅིག་ཐོན་ཡོད་པ་དེ་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་ཕབ་བསྒྱུར་ཞུས་པ་ཞིག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG