ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱལ་སྤྱིའི་བུད་མེད་ཀྱི་རྐང་རྩེད་པོ་ལེ་དར་སྟངས།


དེང་སྐབས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་མི་མང་པོས་དགའ་མོས་ཆེན་པོ་བྱ་ཡུལ་ཞིག་ཏུ་གྱུར་པའི་རྐང་རྩེད་པོ་ལེའི་རྩེད་རིགས་འདི་ནི་ཐོག་མར་མི་ལོ་༢༠༠༠་ཙམ་གྱི་ཡར་སྔོན་དུ་རྒྱ་ནག་དང་གྷེ་རི་སི། རོམ་དང་དབུས་་ཨེ་ཤི་ཡ་བཅས་སུ་དར་ཁྱབ་བྱུང་ཞིང་། ཕྱི་ལོ་༡༨༦༣་ལོར་དབྱིན་ཡུལ་དུ་རྐང་རྩེད་པོ་ལེའི་རུ་ཁག་དང་པོ་དེ་རྩ་འཛུགས་བྱས་ནས་རྩེད་མོའི་སྒྲིག་གཞི་གཏན་ལ་ཕབ།

འཛམ་གླིང་རྒྱལ་ཁབ་ཁག་གི་དཔལ་འབྱོར་གནས་སྟངས་དྲག་ཞན་ཡོད་མིན་ལ་མ་ལྟོད་པར་རྐང་རྩེད་པོ་ལེའི་རྩེད་མོར་རྒན་གཞོན་ཚང་མས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ཡུལ་དུས་ཀྱི་སྤྱི་ཚོགས་གནས་སྟངས་མ་འདྲ་བའི་དབང་གིས་སྐྱེས་པ་ཚོས་རྩེད་མོ་འདི་རྩེད་ནས་ལོ་བཅུ་ཕྲག་འགའ་ཞིག་ཕྱིན་པའི་རྗེས་སུ་མ་གཏོགས་བུད་མེད་རྣམས་རྐང་རྩེད་པོ་ལེའི་རྩེད་འགྲན་ལ་ཞུགས་རྒྱུའི་གོ་སྐབས་ཐོབ་མེད་པ་རེད།

དུས་རབས་སྔོན་མའི་ལོ་རབས་༨༠ པའི་ནང་དུ་ཨ་མི་རི་ཀ་དང་ཡུ་རོབ་ཁུལ་དུ་བུད་མེད་ཀྱི་རྐང་རྩེད་པོ་ལེ་རྩེད་མཁན་ཇེ་མང་དུ་ཕྱིན་པས་ཕྱི་ལོ་༡༩༩༥་ལོར་བུད་མེད་ཀྱི་རྐང་རྩེད་པོ་ལེའི་རུ་ཁག་དང་པོ་དེ་ཚུགས། དེ་ནས་བཟུང་སྟེ་རྒྱལ་སྤྱིའི་ཐོག་ཏུ་བུད་མེད་རྣམས་རྐང་རྩེད་པོ་ལེའི་རྩེད་འགྲན་ལ་མཉམ་ཞུགས་བྱ་རྒྱུ་འགོ་ཚུགས་ནས་རྒྱལ་ཁབ་མང་པོས་རྒྱལ་སྤྱིའི་རྩེད་འགྲན་གྲས་སུ་བུད་མེད་ཀྱི་རྐང་རྩེད་པོ་ལེའི་རུ་ཁག་ཆེད་འཛུགས་བྱས་ཡོད་པར་མ་ཟད། བུད་མེད་ལ་སྐྱེས་པ་དང་གཅིག་མཚུངས་ཀྱི་ཐོབ་ཐང་དང་གོ་སྐབས་ཐོབ་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG