ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཆབ་སྲིད་བཙོན་པ་ངག་དབང་རྒྱལ་མཚན་གློད་གྲོལ།


བོད་ཁམས་ནག་ཆུ་ས་ཁུལ། ཤག་རོང་པོ་དགོན་པའི་གྲྭ་ངག་དབང་རྒྱལ་མཚན་ལ་ལོ་གསུམ་གྱི་དུས་བཀག་བརྩོན་འཇུག་ཚང་རྗེས་རྒྱ་ནག་སྲིད་གཞུང་གི་ལས་བྱེད་པས་ཕྱི་ཟླ་༣་པའི་ཚེས་༧་ཉིན་གསང་བའི་སྒོ་ནས་ངང་གློད་གྲོལ་བཏང་འདུག ཤག་རོང་པོ་དགོན་གྱི་གྲྭ་ངག་དབང་རྒྱལ་མཚན་ནི་ཕྱི་ལོ་༢༠༡༠་ལོའི་ལྔ་ཉི་ཤུ་ཞེས་པའི་དགོན་པ་དེའི་དོན་རྐྱེན་ཞིག་ལ་འབྲེལ་བ་ཡོད་པ་དང་། ཁོང་གིས་རྒྱ་གཞུང་གི་ལས་བྱེད་པའི་ཁ་ལ་མ་མཉན་པ་སོགས་ལ་བརྟེན་ནས་༢༠༡༥་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཡུན་རིང་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། ཕྱིས་སུ་དོ་བདག་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་ལོ་གསུམ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་སོགས་ཀྱི་སྐོར། ཞིབ་ཕྲའི་གནས་ཚུལ་རྣམས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG