ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོས་སྤྱི་འཐུས་ཚོར་མཇལ་འཕྲད།


དེང་སྐབས་བོད་མི་དམངས་སྤྱི་འཐུས་བཞི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་ཡོད་པ་དང་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གནད་ཡོད་མི་སྣ་ཁག་ཅིག་གིས་ཕྱོགས་ཕེབས་སྤྱི་འཐུས་ཚོར་མཇལ་དང་བཀའ་མོལ་ཡོད་ཅིང་། བོད་པའི་སྤྱི་འཐུས་ཚོས་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་བོད་དོན་འབྲེལ་མཐུད་པ་ཞིག་མགྱོགས་མྱུར་བསྐོ་བཞག་གནང་དགོས་པ་འབོད་སྐུལ་ཞུས་འདུག དེའི་སྔོན་ལ་ཉི་མ་གཉིས་ཀྱི་རིང་དེར་བོད་པའི་སྤྱི་འཐུས་ཚོས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་ཁག་ཅིག་ལ་མཇལ་འཕྲད་གནས་ཡོད་པར་མ་ཟད། ཨ་རིའི་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་ལས་སྣེ་ཚོར་མཇལ་འཕྲད་གནང་ནས་བོད་དོན་ལ་བཀའ་མོལ་ལྷུག་པོ་བྱུང་ཡོད་པའི་སྐོར། ཝ་ཤིང་ཊོན་དུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་སུ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་བཅར་འདྲི་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG