ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཌོ་ནལ་ཊམ་གྱི་ནང་མའི་ལས་བྱེད་ཟུར་པ་ཞིག་ལ་འདྲི་ཞིབ།


༄༅།། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཕྱི་ལོ་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱས་པའི་གནད་དོན་དང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྲིམས་དོན་ལྷན་ཁང་གི་དམིགས་བསལ་ཞིབ་དཔྱོད་པའི་ལས་དོན་ལ་འགོག་རྐྱེན་བརྒྱབ་ཡོད་མེད་ཀྱི་གནད་དོན་ཁག་ལ་ཞིབ་འཇུག་གནང་མཁན་གྲོས་ཚོགས་ཀྱི་ཁྲིམས་དོན་ཚོགས་ཆུང་གིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་སྲིད་འཛིན་ཌོ་ནལ་ཊམ་གྱི་སློབ་སྟོན་པ་ཟུར་པའི་གྲས་ཀྱི་གནད་ཡོད་ལས་སྣེ་ཧོ་ཕེཀ་ལ་འདྲི་ཞིབ་བྱེད་པའི་ཆེད་དུ་གྲོས་ཚོགས་ཀྱི་ཚོགས་ཆུང་དེར་འབོད་འགུག་བྱས་ཡོད་ཅིང་། འདི་ནི་དམངས་གཙོ་ཚོགས་པའི་འཐུས་གྲངས་མང་གིས་འགོ་ཁྲིད་པའི་ཁྲིམས་དོན་ཚོགས་ཆུང་གི་ཞིབ་འཇུག་ལས་དོན་ལ་རྒྱལ་ཁ་ཐོབ་པ་ཞིག་རེད་ཅེས་སྲིད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ངོས་འཛིན་བྱེད་བཞིན་ཡོད་སྐོར། རྡོ་རྗེ་ཐོགས་མེད་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG