ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སེར་སྨད་མཁན་པོར་དབྱིན་ཇིའི་གཟེངས་རྟགས་ཐོབ།


དབྱིན་ཇིའི་རྒྱལ་མོའི་འཁྲུངས་སྐར་དང་ལོ་གསར་གྱི་སྐབས་སུ་དབྱིན་ཡུལ་གྱི་སྤྱི་ཚོགས་ལ་སྲི་ཞུ་གང་ལེགས་སྒྲུབ་མཁན་ཚོར་དབྱིན་ཇིའི་རྒྱལ་ཁམས་ཀྱི་རྟགས་མ་རེ་གནང་སྲོལ་ཡོད་ཅིང་། འདས་པའི་མི་ལོ་༢༠་ལྷག་ལ་དབྱིན་ཡུལ་དུ་ནང་ཆོས་སློབ་ཁྲིད་དང་སྤྱི་ཚོགས་ཕན་བདེའི་སྲི་ཞུ་སྒྲུབ་མཁན་དགེ་བཤེས་བཀྲ་ཤིས་ཚེ་རིང་གི་མཛད་རྗེས་ལ་ངོས་འཛིན་ཐོབ་སྟེ་དབྱིན་ཇིའི་རྒྱལ་ཁམས་ཀྱི་གཟེངས་རྟགས་གནང་ཡོད་པ་རེད། གཟེངས་རྟགས་མ་ཕུལ་བའི་ལོ་གཅིག་ཙམ་གྱི་གོང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་བཀྲ་ཤིས་ཚེ་རིང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་པོར་བསྐོ་བཞག་གི་ཕྱག་རྟགས་བསྩལ་ཡོད་པའི་སྐོར། བསོད་ནམས་དབྱངས་འཛོམས་ཀྱིས་སེར་སྨད་མཁན་རིན་པོ་ཆེར་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG