ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཧོང་ཀོང་གི་རང་སྐྱོང་ལ་ཨ་རིའི་རྟོག་ཞིབ་བྱ་དགོས།


རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་དོན་འཁྱོལ་ཡོང་གི་ཡོད་མེད་ལ་ཨ་མི་རི་ཀའི་གཞུང་གིས་ལོ་རེའི་བསྐྱར་ཞིབ་བྱ་དགོས། ཧོང་ཀོང་གི་དཔེ་དེབ་འཚོང་མཁན་དང་གསར་འགོད་པ། སྤྱི་དམངས་ལས་འགུལ་བ་བཅས་པ་རྒྱ་ནག་གིས་བཙན་ཁྲིད་བྱེད་བཞིན་པའི་འབྲེལ་ཡོད་འགན་འཁྲི་ཅན་ཚོར་ཨ་མི་རི་ཀས་ཉེས་ཆད་གཅོད་དགོས། ཧོང་ཀོང་དང་ཨ་རིའི་དམིགས་བསལ་ཚོང་འབྲེལ། དཔལ་འབྱོར་གྱི་ཁེ་ཕན་ཆིངས་ཡིག་གི་འབྲུ་དོན་ཁག་དོན་འཁྱོལ་ཡོང་གི་ཡོད་མེད་ཁ་གསལ་བཟོ་དགོས་ཞེས་ཨ་རིའི་གྲོས་ཚོགས་སུ་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཚོ་མཉམ་འབྲེལ་གྱིས་ཨ་རིའི་གཞུང་ལ་ཁྲིམས་འཆར་ཞིག་ཕུལ་ཡོད་པ་རེད། འདི་ནི་ཧོང་ཀོང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་བྱུང་བའི་རྗེས་སུ་ཨ་རིའི་གྲོས་ཚོགས་ཀྱིས་ཨ་རིའི་གཞུང་ལ་བཏོན་པའི་ཧོང་ཀོང་གི་ཁྲིམས་འཆར་ཐེངས་གཉིས་པ་ཆགས་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG