ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

ཐེ་ཝན་གྱི་སྲིད་འཛིན་ཨ་རིའི་གྲོས་ཚོགས་སུ་གདན་འདྲེན་ཞུ་དགོས།


ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གཙོ་འཛིན་ཏེ། སྤྱི་མཐུན་ཚོགས་པའི་འཐུས་མི་ཀོ་རི་གྷར་ཌི་ནར་གྱིས་ཐེ་ཝན་མཚོ་གླིང་གི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་གདན་འདྲེན་ཞུས་ནས་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་ལ་གསུང་བཤད་གནང་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད། ཕྱི་ཟླ་བ་༦་པའི་ཚེས་༢་ཉིན་གསར་འགོད་ཚོགས་འདུའི་ཐོག་ཏུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་བཅའ་དྲི་ཞུས་པའི་སྐབས་སུ་གྲོས་ཚོགས་འཐུས་མི་གྷར་ཌི་ནར་གྱིས་དེ་སྔ་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་འདུ་དེར་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གདན་ཞུ་དགོས། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ནི་གལ་ཆེའི་དམངས་གཙོའི་དབུ་ཁྲིད་ཅིག་རེད་ཅེས་བཤད་པ་ལུང་འདྲེན་བྱས་ཡོད་པའི་སྐོར། བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG