ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དྲུག་བཞིའི་འདྲ་པར་གསར་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༡༩༨༩་ལོར་པར་བ་ཞིག་གིས་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་དུ་ལངས་པའི་དྲུག་བཞིའི་ལས་འགུལ་སྐབས་སུ་འདྲ་པར་གཉིས་སྟོང་བླངས་ཀྱང་རྒྱུ་རྐྱེན་མང་པོ་ཞིག་གིས་སྤྱིན་ཤོག་རྣམས་ད་ལྟའི་བར་དུ་ཕྱི་ལ་བཏོན་མེད་པ་རེད། ལོ་རྒྱུས་ཀྱི་བདེན་དཔང་འོས་པའི་འདྲ་པར་དེ་དག་ད་ལྟའི་བར་དུ་ཕྱིར་བསྒྲགས་མ་ཐུབ་པར་དོ་བདག་གནོང་འགྱོད་ཆེན་པོ་སྐྱེ་བཞིན་དྲུག་བཞིའི་ལས་འགུལ་བྱུང་ཏེ་ལོ་༣༠་འཁོར་བཞིན་པར་བསྟུན་ནས་འདྲ་པར་དེ་དག་ཕྱིར་འགྲེམས་བྱེད་འགོ་བཙུགས་འདུག

སྤྱི་ལོ་༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་སློབ་མའི་དམངས་གཙོའི་ལས་འགུལ་ལངས་པར་རྒྱ་ནག་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པར་ཡོངས་གྲགས་སུ་དྲུག་བཞིའི་ལས་འགུལ་ཞེས་འབོད་བཞིན་ཡོད་ཅིང་། ལས་འགུལ་འདི་བྱུང་སྟེ་ལོ་༣༠་འཁོར་བར་འཛམ་གླིང་གི་ས་ཕྱོགས་གང་སར་རྣམ་པ་འདྲ་མིན་གྱིས་དྲུག་གཞིའི་ལས་འགུལ་ལ་གླེང་སློང་དང་རྗེས་དྲན་བྱེད་བཞིན་འདུག

ལིའུ་ཅཱན་ནི་དྲུག་བཞིའི་ལས་འགུལ་སྐབས་སུ་སློབ་ཆེན་ལོ་རིམ་གཉིས་པའི་སློབ་མ་ཞིག་རེད། ཁོ་པས་དྲུག་གཞིའི་ལས་འགུལ་གྱི་དུས་ཡུན་ལ་སློབ་མ་ཚོས་ཟས་བཅད་ངོ་རྒོལ་བྱས་པ། ཞིན་ཧྭ་གསར་ཁང་དང་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཚོས་གསར་འགོད་ལམ་ལུགས་ལ་འགྱུར་བ་གཏོང་དགོས་ཞེས་དགོས་མདུན་བཀོད་པའི་འཕྲེད་དར་འཁྱེར་པ། སློབ་ཕྲུག་རྨས་མ། མེ་མདའ་བཟུང་བའི་དམག་གི་དྲག་ཤུལ། ལྕགས་འཁྲབ་འཁོར་ལོ་སོགས་གཞི་རྒྱ་ཆེ་བའི་ལས་འགུལ་དེའི་རྣམ་པ་དང་མདུན་རྒྱབ་སོགས་ཀྱི་འདྲ་པར་སྟོང་གཉིས་བླངས་ཡོད་པ་རེད། ཡིན་ནའང་དྲག་གནོན་འོག་ཏུ་ལས་འགུལ་མཚམས་འཇོག་བྱ་དགོས་བྱུང་བ་ནས་བཟུང་སྟེ་པར་པས་ཀྱང་པར་ཆས་ནང་གི་འདྲ་པར་རྣམས་སྤྱིན་ཤོག་གི་རྣམ་པར་བཞག་སྟེ་འཁྲུ་བཤུ་བྱེད་ཐུབ་མེད་པས་འདྲ་པར་དེ་དག་གིས་ཟིན་པའི་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་མི་ཚོས་བརྗེད་གྲབས་སུ་གྱུར་འདུག

ལིའུ་ཅན་ལོ་གསུམ་གྱི་གོང་དུ་ཁྱིམ་མི་ཚོ་དང་མཉམ་དུ་ཨ་རིར་གནས་སྤོར་ཏེ་ཉིན་ཞིག་རང་གི་བུ་མོར་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་སྐོར་སྐད་ཆ་དྲིས་སྐབས་བུ་མོས་དྲུག་བཞིའི་དོན་རྐྱེན་གོ་མྱོང་མེད་པའི་རྣམ་པ་མཐོང་མ་ཐག་ཏུ་ལིའུ་ཅན་ལ་གནོང་འགྱོད་ཀྱི་ཚོར་བ་ཞིག་གློ་བུར་དུ་བྱུང་སྟེ་རང་ཉིད་ལོ་རྒྱུས་ཀྱི་ཉེས་ཅན་པ་ཞིག་ཡིན་པ་ལྟར་གྱི་ཚོར་བ་ཞིག་སྐྱེས། ལོ་༣༠་ལ་ལག་པ་མ་འཆང་བར་བསམ་བཞིན་གཏིང་བརྗེད་དུ་ཕྱིན་པ་སླར་ཡང་ཕྱིར་དྲན་གྱིས་མཐའ་མཇུག་གྲོགས་པོ་ཞིག་མངགས་ནས་པེ་ཅིང་གི་རང་ཁྱིམ་དུ་ལུས་པའི་འདྲ་པར་གྱི་སྤྱིན་ཤོག་རྣམས་རྒྱ་ནག་གི་ཕྱི་ལ་ཐར་ཐབས་བྱས་འདུག

ལིའུ་ཅན་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན་དྲུག་བཞིའི་ལས་འགུལ་མཚམས་འཇོག་བྱ་དགོས་བྱུང་བ་དང་དུས་མཉམ་དུ་མི་རྣམས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་སྣང་བ་གཡེངས་ནས་དྲུག་བཞིའི་ལས་འགུལ་བརྗེད་དུ་བཅུག་ཅིང་། རྒྱ་ནག་གི་སློབ་གསོའི་ལམ་ལུགས་ནང་དུ་དྲུག་བཞིའི་སྐོར་གྱི་ཚིག་འབྲུ་གཅིག་ཀྱང་མེད་པས་ལོ་རྒྱུས་ཀྱི་དཔང་མི་ཞིག་ལ་མཚོན་ན་ལོ་༣༠་ལ་འདྲ་པར་དེ་དག་སྤས་འཇོག་བྱས་པ་དང་། ལྷག་པར་དུ་བློས་གཏོང་ཆེན་པོ་བྱས་པའི་དྲུག་བཞིའི་ལས་འགུལ་དེ་བརྗེད་པར་བཏང་བ་ནི་གནོང་འགྱོད་སྐྱེ་དགོས་པ་ཞིག་ཡིན་པར་མ་ཟད། དམངས་གཙོའི་བཅོས་སྒྱུར་ཆེད་དུ་ན་གཞོན་སློབ་མ་ཚོས་མཚོན་ཆ་མ་བཟུང་བར་ཞི་བའི་ངོ་རྒོལ་བྱས་ཀྱང་སྲིད་གཞུང་གིས་ལྕགས་འཁྲབ་འཁོར་ལོ་དང་རང་འགུལ་མེ་མདའ་བརྒྱབ་ནས་དྲག་གནོན་བྱས་པ་མིའི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན་རུང་མི་རབས་གསར་པ་ཚོས་རྒྱ་ནག་དམར་ཤོག་གཞུང་གི་བྱས་ཉེས་རྣམས་ཤེས་རྟོགས་དགོས་པ་གལ་ཆེན་ཡིན་པ་རེད།

ད་ལྟ་ལིའུ་ཅན་གྱིས་ལོ་སུམ་ཅུའི་གོང་དུ་རང་གི་ལང་ཚོ་དང་མཉམ་དུ་སྤས་པའི་དྲུག་བཞིའི་ལས་འགུལ་གྱི་འདྲ་པར་༢༠༠༠་ལོ་རྒྱུས་ཀྱི་བདེན་དཔང་གི་འདྲ་པར་ལ་ངོས་འཛིན་བྱས་ནས་ཕྱིར་འགྲེམ་བྱེད་འགོ་ཚུགས་འདུག

XS
SM
MD
LG