༄༅།། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱེད་པའི་དངོས་ཟོག་ལ་ཨ་སྒོར་ཐེར་འབུམ་༢༠༠་ཐམ་པའི་སྒོ་ཁྲལ་སྤེལ་རྒྱུའི་ཐག་བཅད། འདི་ནི་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་རྒྱག་གི་མེད་པ་བརྒྱ་ཆ་༢༥་ལ་སྤར་པ་ཞིག་ཡིན་པས་རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ལན་པ་སློག་གི་ཡོད་ཅིང་། དེར་བརྟེན་འཛམ་གླིང་གི་དཔལ་འབྱོར་ཁྲོམ་ར་སྲ་བརྟན་མེད་པར་གྱུར་པའི་རྗེས་སུ་སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཟླ་བ་རྗེས་མར་ཐུག་འཕྲད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།