ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཡབ་གཞིས་ཐུག་པའི་བཟོ་གྲྭར་མེར་སྐྱོན།


༄༅།། རེས་གཟའ་སྤེན་པའི་ཉིན་རྒྱ་གར་བྱང་ཤར་ཀ་ལོན་སྦུག་ཏུ་གཞིས་ཚུགས་ཡོད་པའི་སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་ཀྱིས་གཉེར་འཛིན་བྱེད་བཞིན་པའི་ཡབ་གཞིས་ཐུག་པའི་བཟོ་གྲྭར་མེ་སྐྱོན་བྱུང་ཞིང་། ད་ཐེངས་ཀྱི་མེ་སྐྱོན་དེས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཀྱི་མི་ཚེའི་ལོ་རྒྱུས་འཁོད་པའི་ཀ་ལོན་སྦུག་གི་ཐུག་བཟོ་བ་ཞེས་མིང་བྱང་དུ་འཁོད་པའི་དཔེ་དེབ་ཀྱི་ནང་དོན་ཁག་དྲན་སྐུལ་ཞིག་ཐེབས་ཀྱི་ཡོད་པར་མ་ཟད། ཁོང་ལྷ་སར་རྒྱ་ནག་གི་དམག་དཔུང་སླེབས་པའི་རྗེས་སུ་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པ་དང་། སྐབས་དེའི་རྒྱ་དཀར་ནག་གི་མི་སྣ་གལ་ཆེན་ཁག་མཇལ་འཕྲད་གནང་སྟེ་བོད་ཀྱི་རྩ་དོན་གནད་འགག་ཅན་མང་པོ་ཞིག་ཁྱིམ་གཞིས་དེར་ཐག་གཅོད་གནང་ཡོད་པ་བཅས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG