ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དྲུག་བཞིའི་ལས་འགུལ་བས་རྒྱ་ནག་གི་ན་གཞོན་ཚོར་འབོད་སྐུལ།


༄༅།། ༡༩༨༩་ལོར་པེ་ཅིང་གི་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་བྱུང་བའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་གྱི་སྣེ་ཁྲིད་པ་གྲགས་ཅན་ཝང་ཏན་གྱིས་རྒྱ་ནག་གི་ན་གཞོན་ཚོས་མི་རབས་གོང་མ་རྣམས་ཀྱིས་རྒྱ་ནག་གི་དམངས་གཙོའི་དོན་དུ་ལུས་སྲོག་ལོངས་སྤྱོད་སོགས་བློས་བཏང་བ་རྣམས་མ་བརྗེད་པར་བྱ་དགོས། རྒྱ་ནག་གི་མི་རབས་གསར་པའི་ན་གཞོན་ཚོས་རང་གི་རྒྱལ་ཁབ་དེ་ཉིད་དམངས་གཙོའི་ལམ་ཕྱོགས་སུ་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG