ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

པཱ་རག་གཞུང་ལ་རྒྱ་ནག་གིས་འཁོན་ལན་སློག་པ།


༄༅།། ཡུ་རོབ་ཀྱི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རག་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་ཉེ་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལ་མཇལ་འཕྲད་གནང་བ་དང་། ཁོང་ཐེ་ཝན་ལ་ཕེབས་ནས་སྲིད་འཛིན་ཚེ་དབྱིན་ཝེན་གཙོས་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཁག་ལ་མཇལ་འཕྲད་གནང་བ་བཅས་ལ་རྒྱ་ནག་གཞུང་ཁོང་ཁྲོ་དྲག་པོ་ལངས་ཡོད་པར་མ་ཟད། ད་ཆ་རྒྱ་ནག་གིས་པཱ་རག་གྲོང་ཁྱེར་གཞུང་ལ་འཁོན་ལན་གྱི་ཚུལ་དུ་གྲོང་ཁྱེར་དེའི་རོལ་དབྱངས་རུ་ཁག་གཅིག་རྒྱ་ནག་ལ་འཁྲབ་སྟོན་བྱེད་དུ་བསྐྱོད་འཆར་ཕྱིར་ཡོད་པ་བཤོལ་བྱེད་དུ་བཅུག་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG