ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་མོ་དོགས་ཅན་གཉིས་ལ་ཞིབ་འཇུག


ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་མ་ར་ལཱ་གྷོ་སྤྲོ་སྐྱིད་ཁང་དུ་ཀྲང་ཡུག་ཅིན་ཞེས་པའི་རྒྱ་མོ་ཞིག་ཆོག་མཆན་མེད་པར་སིམ་འཛུལ་བྱས་པར་བརྟེན། ཁོ་མོ་ཨ་རིའི་གཞུང་གིས་འཛིན་བཟུང་བྱས་ནས་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། རྒྱ་མོ་དེའི་ལག་ཏུ་ལག་ཐོགས་ཁ་པར་བཞི་དང་གློག་ཀླད་ཅིག ད་དུང་དྲྭ་འབུ་བཅུག་པའི་མཐེབ་སྡེར་གཅིག་བཅས་བརྡ་འཕྲིན་གྱི་འཕྲུལ་ཆས་མང་པོ་ཞིག་མཉམ་འཁྱེར་ཡོད་པས་ཁོ་མོ་རྒྱ་ནག་གི་གསང་བའི་ལས་ཁང་ལ་འབྲེལ་བ་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་ཆེ་བའི་རྒྱ་མོ་ཚོང་པ་དབྱང་ལི་ཞེས་པ་ཞིག་ལ་འབྲེལ་བ་ཡོད་སྲིད་པའི་དོགས་པ་བྱེད་ཀྱིན་འདུག

རྒྱ་མོ་དབྱང་ལི་ནི་སྲིད་འཛིན་ཌོ་ནལ་ཊམ་གྱི་བཟའ་མི་ཚོར་འབྲེལ་བ་ཡོད་པ་དང་སྲིད་འཛིན་གྱི་མ་ར་ལཱ་གྷོ་སྤྲོ་སྐྱིད་ཁང་དུ་ཕྱིན་མྱོང་ཡོད་པ། ད་དུང་རྒྱ་ནག་གི་འབྱོར་ལྡན་པ་དང་ཚོང་པ་ཚོ་སྲིད་འཛིན་ཌོ་ནལ་ཊམ་གྱི་བཟའ་མི་ཚོར་ཐུག་འཕྲད་དང་འབྲེལ་གཏུགས་བྱ་རྒྱུ་སོགས་གོ་སྒྲིག་བྱེད་མཁན་ཞིག་ཡིན་འདུག ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་རྒྱ་མོ་དེ་དག་ལ་རྟོག་ཞིབ་མཐིལ་ཕྱིན་པ་ཞིག་བྱ་དགོས་པ་དང་སྲིད་འཛིན་གྱི་ནང་མི་ཚོས་ཚོང་ལས་གཉེར་སྟངས་བཅས་ལ་དབུས་ཞིབ་གཅོད་ལས་ཁང་དང་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་བཅས་ཀྱིས་ཡིད་གཟབ་དང་རྟོག་ཞིབ་བྱ་དགོས་པའི་ནན་བརྗོད་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG