ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་རྒྱལ་ཁབ་ཁག་ཅིག་ལ་འཚམས་འདྲིར་ཕེབས་པ་མཇུག་བསྒྲིལ་ནས་དུས་ཡུན་རིང་པོ་མ་སོང་གོང་དེར་རྒྱ་ནག་གི་མཁའ་དམག་གནམ་གྲུ་གཉིས་ཐེ་ཝན་མཚོ་འགག་གི་ས་མཚམས་བརྒལ་ནས་ཐེ་ཝན་གྱི་མཁའ་དབྱིངས་སུ་འཕུར། ཐེ་ཝན་གྱི་དམག་གིས་འཐབ་འཛིང་གནམ་གྲུ་བཏང་ནས་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དེ་ཚོར་གདོང་ལེན་བྱས་ཡོད་ཅིང་། གཟའ་ཟླ་བ་ཉིན་ཐེ་ཝན་གཞུང་གིས་རྒྱ་ནག་གི་བྱ་སྤྱོད་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།