ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧྥ་རན་སིའི་སྲིད་འཛིན་གྱི་ཨ་ཧྥི་རི་ཀའི་འཚམས་འདྲི།


༄༅།། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་ཇེ་ཆེར་འགྲོ་བཞིན་པའི་སྐབས་དེར་རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས་སུ་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་དང་སྐུ་ཚབ་ཚོགས་པ་ཞིག་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གསུམ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཏེ། ཨ་ཧྥི་རི་ཀ་དང་ཡུ་རོབ་ཀྱི་ཚོང་ལས་ཡར་རྒྱས་གཏོང་བའི་གྲོས་མཐུན་ཞིག་ལ་མཚན་རྟགས་བཀོད་ཡོད་པར་མ་ཟད། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་ཧྥ་རན་སིའི་གཞུང་གིས་སྤྱི་ཡོངས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་གནང་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG