ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་རིགས་བོད་དོན་རྒྱབ་སྐྱོར་པའི་གསར་འགོད་ལྷན་ཚོགས།


བོད་མིའི་རང་དབང་སྒེར་ལངས་ཐེངས་༦༠་པའི་སྐུ་མགྲོན་དུ་ཕེབས་པའི་རྒྱ་རིགས་བོད་དོན་རྒྱབ་སྐྱོར་པ་ཚོས་ཕྱི་ཚེས་༡༡་ཉིན་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་རིགས་བོད་དོན་ལ་རྒྱབ་སྐྱོར་པ་ཚོས་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གང་འདྲ་ཞིག་གནང་བཞིན་པ་སོགས་ངོ་སྤྲོད་དང་བོད་རྒྱའི་དཀའ་རྙོག་སེལ་ཆེད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་སོགས་གསལ་བཤད་གནང་ཡོད་པར་མ་ཟད། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་སུ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམ་ནོར་བུས་ཐེངས་འདིར་བཞུགས་སྒར་དུ་ཕེབས་པའི་རྒྱ་རིགས་རྣམ་པའི་རྒྱབ་ལྗོངས་ངོ་སྤྲོད་གནང་བ་དང་རྒྱ་རིགས་ཁག་ཅིག་གིས་དགོངས་ཚུལ་གསུངས་པ་སོགས་འགྲེལ་བརྗོད་གནང་བའི་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG