ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཆོས་ལུགས་དམ་དྲག་གི་སྲིད་ཇུས་རྒྱུན་འཁྱོངས།


༄༅།། རྒྱ་ནག་གཞུང་གིས་ཁ་ཆེ་དང་ཡེ་ཤུའི་ཆོས་དད་པ། བོད་པ་ནང་པ་སོགས་ལ་སྔར་ལས་ལྷག་པའི་དམ་དྲག་ཆེ་རུ་བཏང་སྟེ་གྲངས་ཉུང་མི་རིགས་རྣམས་རྒྱ་ནག་གི་རིག་གཞུང་ལ་གོམས་འདྲིས་བྱེད་དུ་འཇུག་ཐབས་བྱེད་བཞིན་པར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་ཤུགས་ཆེན་འགྲོ་གི་ཡོད་མོད། འོན་ཀྱང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་ཆོས་ལུགས་དམ་དྲག་དང་འབྲེལ་བའི་སྲིད་ཇུས་ཁག་རྒྱུན་འཁྱོངས་བྱས་ནས་ལག་བསྟར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG