ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་གིས་རྒྱ་གར་གྱི་བུད་མེད་ཁག་ཅིག་ལ་བཀའ་སློབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་ལོ་༢༠༡༩་ཟླ་༢་པའི་ཚེས་༡༨་ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ལས་རིགས་འདྲ་མིན་གྱི་བུད་མེད་གཅིག་ཕན་གཅིག་གྲོགས་རུ་ཁག་གི་ཚོགས་མི་ཁག་ཅིག་བཞུགས་སྒར་དུ་བཅར་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་ལམ་སློབ་བཀའ་སློབ་ཞུས་ཡོད་ཅིང་། ༧གོང་ས་མཆོག་གིས་དུས་རབས་༢༡་འདིའི་ནང་དུ་བྱམས་བརྩེའི་ཉམས་ལེན་གོང་འཕེལ་གཏོང་ཕྱོགས་ཐད་དུ་དམིགས་བསལ་གྱི་འབད་བརྩོན་བྱ་དགོས་པ་དང་། ལྷག་པར་དུ་ཤེས་ཡོན་གྱི་ལམ་ནས་བྱམས་བརྩེ་གོང་འཕེལ་གཏོང་བར་བུད་མེད་ཚོས་འགན་ཁུར་ཆེ་ཙམ་ལེན་དགོས་པ་ལས། ཁྱིམ་ལས་གཉེར་ནས་ནང་དུ་འཛུལ་ཏེ་ཕྲུ་གུར་ལྟ་སྐྱོང་བྱས་ནས་སྡོད་རྒྱུ་མེད་ཅེས་སོགས་བཀའ་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་རྒྱ་གར་གྱི་བུད་མེད་རུ་ཁག་དེའི་སྣེ་ཁྲིད་པར་བཅར་འདྲི་ཞུས་ནས་གནས་ཚུལ་ཕྱོགས་སྒྲིག་གནང་བ་ཞིག་གསན་རོགས་གནང་།།

XS
SM
MD
LG