ངོ་འཕྲད་བདེ་བའི་དྲ་འབྲེལ།

བཙུན་མའི་དགུན་ཆོས་ཐེངས་ལྔ་པ་ལེགས་གྲུབ།


༄༅།། འདས་པའི་ཉིན་ཉི་ཤུ་ལྷག་ལ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་འཕགས་མ་བདེ་བྱེད་མའི་བཙུན་མའི་དགུན་ཆོས་ཐེངས་ལྔ་པ་ཚོགས་པ་ལེགས་གྲུབ་བྱུང་ཡོད་ཅིང་། ད་ལོའི་དགུན་ཆོས་དེར་བཙུན་མ་བརྒྱ་ཕྲག་ཁ་ཤས་ཀྱིས་བསྡུས་གྲྭ་ནས་རྟགས་རིགས་སོགས་ཚད་མའི་གཞུང་ལ་ རྩོད་པ་དང་དམ་བཅའ་བཞག་ཡོད་པར་མ་ཟད། ཞོར་དུ་བསྟན་པ་རྒྱས་པའི་ཆོ་ག་ཚེ་རིང་མའི་སྒྲུབ་མཆོད་དང་སྒྲོལ་མའི་མནྜལ་བཞི་ཆོག་སོགས་རིམ་གྲོ་བསྒྲུབས་འདུག ཐོག་མར་༢༠༡༤་ལོར་རྒྱལ་བ་ཀརྨ་པས་འཕགས་མ་བདེ་བྱེད་མའི་དགུན་ཆོས་དབུ་འབྱེད་གནང་ནས་བཟུང་སྟེ་ད་ལོ་བར་དུ་བཙུན་མའི་དགུན་ཆོས་ཐེངས་ལྔ་ཚོགས་ཡོད་པ་དང་། སངས་རྒྱས་ཞལ་བཞུགས་སྐབས་ཀྱི་དགེ་སློང་མ་བདེ་བྱེད་མའི་མཚན་གསོལ་བའི་དགུན་ཆོས་དེར་ཕྱིས་སུ་ཆོས་བརྒྱུད་རིས་མེད་ཀྱི་བཙུན་མ་རྣམས་མཉམ་ཞུགས་གནང་མཁན་ཡོད་ཚེ། དགུན་ཆོས་གྲ་སྒྲིག་ཚོགས་པས་རིས་མེད་བཙུན་མ་རྣམས་གདན་འདྲེན་དང་གྲ་སྒྲིག་ཆ་ཚང་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར། བསོད་ནམས་དབྱངས་འཛོམས་ཀྱིས་དགུན་ཆོས་འགན་ཁུར་བ་མཁན་པོ་ཀརྨ་ཚེ་བརྟན་ལགས་སུ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG