ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཚོང་དོན་སྐུ་ཚབ་ཚོས་རྒྱ་ནག་ནང་གྲོས་མོལ་གནང་བཞིན་པ།


ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོ་པེ་ཅིང་དུ་ཕེབས་འབྱོར་གནང་ཡོད་པ་དང་རྒྱ་ནག་གི་མཐོ་རིམ་ཚོང་དོན་སྐུ་ཚབ་ཚོ་དང་གྲོས་མོལ་རིམ་པ་ཞིག་གནང་རྒྱུ་དང་གཟའ་པ་སངས་ཉིན་མོ་སྲིད་འཛིན་ཞི་ཅིང་ཕིང་དང་མཇལ་འཕྲད་གནང་རྒྱུའི་ འཆར་གཞི་ཡོད་པའི་གནས་ཚུལ་འཐོན་གྱི་ཡོད་པ་རེད། ཐེངས་དེའི་གྲོས་མོལ་ཁག་ནི་ཡུལ་གྲུ་གཉིས་ཀྱི་ཚོང་དམག་མཇུག་སྒྲིལ་ཐུབ་མིན་དང་སྲིད་འཛིན་ཌི་ནོལ་ཌོམ་དང་ཞི་ཅིང་ཕིང་གི་ཆེས་མཐོའི་མཇལ་འཕྲད་ཞིག་ཡོང་ཐུབ་མིན་སོགས་ལ་གལ་གནད་ཆེན་པོ་ཆགས་རྒྱུ་ཡིན་པའི་སྐོར་གནས་ཚུལ་ འཐོན་པ་ཁག་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་རྒྱུ་ཡིན།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG