ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༢/༡༥

རྒྱལ་སྤྱིའི་ཐོག་ཏུ་བྱུང་བའི་བུད་མེད་ཀྱི་ལས་འགུལ་ཁག


༄༅།། རྒྱལ་སྤྱིའི་ཐོག་ཏུ་བྱུང་བའི་བུད་མེད་ཀྱི་ལས་འགུལ་ཁག་ནི་ཉེ་བའི་དུས་རབས་ཀྱི་ནང་དུ་ད་གཟོད་འགོ་ཚུགས་པ་ཞིག་མིན་པར་དུས་རབས་མང་པོའི་སྔོན་ནས་འགོ་ཚུགས་ཏེ་རིམ་བཞིན་དེའི་དམིགས་ཡུལ་དང་ངོ་བོ་བཅས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་ཅིང་། དུས་རབས་༡༧་དང་༡༨་པར་ཡུ་རོབ་གླིང་དུ་སྲིད་གཞུང་གིས་ཟས་རིགས་ཀྱི་དཔྱ་ཁྲལ་སྤར་བར་བུད་མེད་ཀྱིས་ངོ་རྒོལ་བྱས་པའི་གནས་ཚུལ་རིམ་པ་ཞིག་བྱུང་ཡོད། དེ་ནས་རིམ་པས་ཨ་མི་རི་ཀ་དང་དཀྱིལ་ཤར་ཡུལ་གྲུ། ཨེ་ཤི་ཡ་དང་ཨ་ཧྥི་རི་ཀ་སོགས་འཛམ་གླིང་གི་རྒྱལ་ཁབ་གང་སར་བུད་མེད་རྣམས་ཀྱིས་རང་གི་ཐོབ་ཐང་གི་དོན་དུ་འཐབ་རྩོད་བྱས་ནས་སྤྱི་ཚོགས་ཀྱི་གནས་སྟངས་ལ་འགྱུར་བ་ཐེབས་ཐབས་བྱས་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་རང་དབང་ཆེད་དུའང་འཐབ་རྩོད་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད། དེ་རིང་གི་ང་ཚོའི་བུད་མེད་ལེ་ཚན་འདིའི་ནང་དུ་རྒྱལ་སྤྱིའི་ཐོག་ཏུ་བྱུང་བའི་བུད་མེད་ཀྱི་ལས་འགུལ་ཁག་དང་འཕེལ་རིམ། གནད་དོན་ཁག་གི་ཐད་དུ་དཔལ་མོ་མཁས་གྲུབ་ཀྱིས་འདི་གའི་ལས་བྱེད་པ་པདྨ་བདེ་ཆེན་ལགས་སུ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG