ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་ནི་རང་དབང་ཆུང་ཤོས་ཀྱི་གྲས་སུ་ཚུད།


༄༅།། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཆེ་ཁག་སྟེ། རང་དབང་ཁང་ཞེས་པས་༢༠༠༥་ནས་༢༠༡༨་བར་དུ་ལོ་༡༣་ལ་བསྟུད་མར་འཛམ་གླིང་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་ཐོབ་ཐང་དང་སྤྱི་དམངས་ཀྱི་ཐོབ་ཐང་ལ་ཞིབ་འཇུག་བྱས་ནས་སྙན་ཐོ་བཏོན་འདུག རྒྱལ་སྤྱིའི་རང་དབང་ཁང་གིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་ལེགས་ཉེས་ལ་གཞིགས་ནས་༡་ནས་༡༠༠་བར་གྱི་ཨང་གྲངས་སྤྲད་ཡོད་ཅིང་། ཨང་གྲངས་༡་ནི་རང་དབང་དང་ཆབ་སྲིད་ཐོབ་ཐང་སྡུག་ཤོས་དང་ཨང་གྲངས་༡༠༠་ནི་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་ཡག་ཤོས་ཡོད་པའི་རྒྱལ་ཁབ་དེར་སྤྲད་ཡོད་པ་རེད།།

རྒྱལ་སྤྱིའི་རང་དབང་ཁང་གིས་བོད་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ཐོ་གཞུང་དུ་ལོགས་སུ་བཀོད་ནས་བོད་ཀྱི་རྒྱལ་དར་གྱི་པར་སྦྱར་ཡོད་འདུག ཡིན་ནའང་བོད་ལ་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་། སྤྱི་དམངས་ཀྱི་ཐོབ་ཐང་ལ་ཨང་གྲངས་༡་བཀོད་ཡོད་པས་འཛམ་གླིང་གི་རང་དབང་ཆེས་ཆུང་ཤོས་ཀྱི་རྒྱལ་ཁབ་ཁག་གི་གྲས་སུ་ཚུད་འདུག དཔེར་ན་ཨི་རན་དང་བྱང་ཀོ་རི་ཡ་སོགས་ནི་རྟག་ཏུ་འཛམ་གླིང་འདིའི་རང་དབང་མེད་པ་དང་མི་དམངས་ཀྱི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་ཡིན་པའི་སྐྱོན་བརྗོད་ཕོག་གི་ཡོད་ཀྱང་ཨི་རན་ལ་ཨང་གྲངས་༡༨་དང་བྱང་ཀོ་རི་ཡར་ཨང་གྲངས་༣། བོད་ལ་ཨང་གྲངས་༡་བཀོད་ཡོད་པས་མི་དམངས་ལ་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་གཏན་ནས་མེད་པའི་གྲས་སུ་ཚུད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG